ཕྱི་ལོ་༢༠༡༦ཟླ་༣ ཚེས་༢༣ ཉིན་བརྒྱབ་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང། མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་ལགས། དགེ་བཤེས་ལྷ་རམས་པ་གོ་བོ་ཕན་བདེ་ལགས་གསུམ་ཆེད་དུ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་ཁུངས་སུ་ཕེབས་ནས། ཁྲིམས་ལུགས་དབང་འཛིན་གྱི་གལ་ཆེའི་རང་བཞིན་དང་། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་ད་བར་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་པ་དང་། དགོན་སྡེ་སློབ་གྲྭ་ཁག་གི་གྲྭ་བཙུན་དང་སློབ་མ་སྟོང་ཕྲག་མང་པོར་ཁྲིམས་ལུགས་ཀྱི་ཤེས་བྱའི་གོ་རྟོགས་སྤེལ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་དོན་དཀའ་ངལ་ཡོད་རིགས་རྣམས་ལ་རིན་མེད་ལམ་སྟོན་དང་རོགས་རམ་གནང་པ་སོགས་ལ་ཡི་རངས་བསྔགས་བརྗོད་གནང་སོང་ལ། མ་འོངས་པའང་མུ་མཐུད་དེ་ལུགས་གནང་གལ་ཆེ་བའི་ལམ་སྟོན་གནང་སོང་།

(Visited 20 times, 3 visits today)