ཕྱི་ལོ་༢༠༡༧ལོའི་ཟླ་༣པའི་ཚེས་༢༣ ནས་༢༥བར་ཉིན་གསུམ་རིང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་དང་ཁྲིམས་ལུགས་རིག་པ་བ་བདེ་སྐྱིད་དཔལ་སྒྲོན་ལགས་གཉིས་དྷ་སར་ཡོད་པའི་སཱ་ར་བོད་ཀྱི་མཐོ་སློབ་ཏུ་རྩོད་རྙོག་གདུམ་སྒྲིལ་ལས་ཁུངས་ནས་གོ་སྒྲིག་བྱས་པའི་ཟབ་སྦྱོང་ལ་འཛུལ་བཞུགས་གནང་ཡོད་པ་དང་། ཟབ་སྦྱོང་དེ་ནི་གཙོ་བོར་རྩོད་རྙོག་ཟེར་བའི་གོ་དོན་དང་གོ་བ་ལེན་ཕྱོགས།   རྩོད་རྙོག་གཡོལ་ཐབས་དང་སེལ་ཐབས།    འདུམ་སྒྲོག་དང་།  དེ་འབྲེལ་ སྤྱི་ཚོགས་ནང་ལ་ཞབས་ཞུ་ཇི་ལྟར་ཞུ་དགོས་མིན་དང་། མང་གཙོའི་སྤྱི་ཚོགས་སུ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཇི་ལྟར་ནུས་པ་འདོན་དགོས་མིན་སྐོར་ཡིན་པ་རེད།

(Visited 13 times, 2 visits today)