ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ནི་ཨ་རི་ནས་ཁྲིམས་ལུགས་གཙུག་ལག་རབ་འབྱམས་པ་ཐོན་ཡོད་པ་དང་། བཙན་བྱོལ་བོད་མིའི་ས་གནས་ཁྲིམས་ཞིབ་པ་ཟུར་པའང་ཡིན་པ་རེད། ཁོང་ཕྱི་ལོ་༢༠༡༦ཟླ་ ༣ ཚེས་ ༡ ཉིན་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་འཛུལ་བཞུགས་གནང་པ་དང་། ཚོགས་པ་འདིའི་འཕེལ་རིམ་ཁྲིད་ཆེས་བྱེད་རྗེས་ཅན་གྱི་མི་སྣ་ཞིག་ཀྱང་ཡིན་པ་རེད། ཁོང་ལས་ཁུངས་སུ་བཞུགས་རིང་ལས་དོན་ཆེ་ཕྲ་དུ་མར་འགན་འཁུར་གནང་ཡོད་པ་དང་། བོད་མི་དང་འབྲེལ་ཁྲིམས་དོན་དཀའ་ངལ་དང་གྱོད་གཞི་སོགས་གྲངས་མང་ལ་འགན་འཁུར་གྱིས་གཙང་སེལ་བྱས་ཡོད་པ་རེད།

ད་ཐེངས་ཁོང་སྒེར་དོན་གལ་ཆེ་ཞིག་གི་དོན་དུ། ཆོད་གན་ཚར་པ་དང་དེ་ནས་མུ་འཐུད་ཕྱག་ལས་གནང་མི་ཐུབ་པའི་སྙན་ཞུ་འབྱོར་པ་དང་། ཚོགས་པ་ནས་གལ་སྲིད་ལས་དོན་ཧ་ཅང་གལ་ཆེན་མིན་ན་ལས་ཁུངས་སུ་བཞུགས་ན་ལེགས་ཚུལ་སོགས་གསུངས་ནའང་། ཁོང་གིས་རང་ཉིད་ལ་ལས་དོན་ཧ་ཅང་གལ་ཆེ་ཞིག་ཡོད་པས། ལས་མཚམས་མ་བཞག་ཐབས་མེད་ཡིན་ཚུལ་དང་། གལ་སྲིད་ཚོགས་པ་ལ་ཕྱག་རོགས་དགོས་ཚེ་ནམ་ཡང་འཛིམ་མཚེར་མེད་པར་ཡོང་ཆོག་ཅེས་གསུངས་པས་ན། ཁོང་ཕྱི་ལོ་༢༠༡༨ ཟླ ༢ ཚེས ༢༨ ཉིན་ལས་ཁུངས་ནས་ལས་མཚམས་བཞག་པ་རེད། ང་ཚོའི་ཚོགས་པའི་ཚོགས་མི་ཡོངས་ནས་ཁོང་གིས་ད་བར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་ཞབས་ཞུ་ཞུས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

(Visited 1 times, 1 visits today)