ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཞིག་ཕྱི་ལོ་༢༠༡༨ ཟླ་ ༩ ཚེས་ ༡༧ ནས་ཚེས་༢༧ བར་དབུས་སྣེ་ལེན་ཁང་དུ་ཡོད་པའི་འཛིན་སྐྱོང་སྦྱོར་བརྡར་ཁང་དུ་ཚུགས་གཏན་འཁེལ་འདུག་ན། ཉེ་བའི་ཁྲིམས་ལུགས་རབ་འབྱམས་པ་ LLB་དང་དེའི་ཡན་གི་བསླབ་པ་མཐར་སོན་གྱི་སྦྱོང་བརྡར་བའི་ས་མིག་གྲངས་༢༠ ཡོད་པས། ཆ་རྐྱེན་ཚང་ཞིང་འཛུལ་བཞུགས་བྱེད་འདོད་ཡོད་རིགས་རྣམས་ཀྱིས་ཅིས་ཀྱང་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡ མ་འགྱངས་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབྲེལ་གཏུག་གིས་ཐོ་འགོད་བྱེད་དགོས།

སྤྱིར་བོད་མིའི་ཁྲིམས་ལུགས་རིག་པ་བ་ཞིག་ལ་མཚོན་ན། བཙན་བྱོལ་བོད་ཀྱི་ཁྲིམས་དང་ལམ་ལུགས་སྐོར་མཁྱེན་རྟོགས་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན་པ་དང་། མ་འོངས་པར་སོ་སོ་བཙན་བྱོལ་སྤྱི་ཚོགས་སུ་ཁྲིམས་རྩོད་པ་དང་། ཡང་ན་ས་གནས་ཁྲིམས་ཞིབ་པ་དང་ཁྲིམས་དྲུང་སོགས་ག་རེ་བྱེད་འདོད་ཡོད་ནའང་། སྦྱོང་བརྡར་འདིའི་ལག་འཁྱེར་ནི་ཧ་ཅང་ཕན་ཐོགས་ལྡན་པ་ཞིག་ཡིན་པས་ཚང་མས་ཐུགས་སྣང་གནང་དགོས་གལ་མཐོང་།

(Visited 1 times, 1 visits today)