བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འདིའི་ཚོགས་མི་ཚང་མ་ནི་ཁྲིམས་ལུགས་ཀྱི་རྒྱབ་ལྗོངས་ཡོད་མཁན་རྐྱང་རྐྱང་ཡིན་པ་དང་།ཚོགས་པའི་དམིགས་ཡུལ་མང་པོའི་ནང་གི་གཅིག་བོད་ཀྱི་ཁྲིམས་ལུགས་སློབ་མ་རྣམས་ལ་ལས་ཁུངས་ཉམས་གསོའི་གོ་སྐབས་སྤྲོད་པ་དང་། ཁོང་ཚོ་སློབ་མཐར་མ་ཕྱིན་གོང་ཁྲིམས་ཁང་དང་ཁྲིམས་ལུགས་འདྲ་མིན་ལ་ཉམས་མྱོང་གསོག་འཇུག་རྒྱུ་དེ་ཡིན་པ་མ་ཚད། མཐོ་སློབ་སློབ་མ་རྣམས་མཐོ་སློབ་ཀྱི་སྒྲིག་སྲོལ་ལྟར་གོང་སེང་སྐབས་ཉམས་གསོ་བྱེད་དགོས་པས། ཁོང་ཚོ་ལ་ཉམས་གསོའི་ཁོར་ཡུག་བསྐྲུན་ནས་མཐོ་སློབ་ཀྱི་སྒྲིག་སྲོལ་ཚུལ་བཞིན་འགྲུབ་རྒྱུ་དེའང་ཡིན།

ཐེངས་འདིར་བྷེན་ལོརCMRཁྲིམས་ལུགས་མཐོ་སློབ་ནས་ཕེབས་པའི་བོད་རིགས་ཁྲིམས་ལུགས་སློབ་མ་བསྟན་འཛིན་སྐལ་བཟང་དང་ཆོས་བཟང་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ ནས་ཟླ་ ༢ ཚེས་ ༢ བར་འདི་གར་ཚོགས་པ་རུ་ཉམས་གསོ་ལ་ཡོང་ཡོད་པ་དང་། ཁོང་གཉིས་འདི་གར་ཁྲིམས་རྩོད་པ་ཀུན་བཟང་སྟོབས་རྒྱས་དང་རྣམ་རྒྱལ་ཚེ་སྐྱིད་གཉིས་ཀྱི་ལམ་སྟོན་འོག ས་གནས་རྒྱ་གར་ཁྲིམས་ཁང་འདྲ་མིན་དང་ཁྲིམས་འབྲེལ་གྱི་ལས་ཁུངས་གཞན་རྣམས་ལ་འཚམས་གཟིགས་བྱས་ཡོད་པ་དང་། རྒྱ་གར་ཁྲིམས་རྩོད་པ་རྣམངས་དང་ཐུག་འཕྲད་ཀྱིས་ཁྲིམས་ལུགས་སྐོར་བསམ་ཚུལ་བརྗེ་ལེན་སོགས་བྱས་ཡོད་པ་དང་། ཁོང་གཉིས་ཀྱིས་བོད་ཀྱི་བཅའ་ཁྲིམས་སོགས་ཁྲིམས་དེབ་གཞན་པ་སོགས་ལའང་སློབ་སྦྱོང་བྱས་ཡོད་པ་རེད།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་རྩིས་པ་དང་ལས་ཁུངས་དོ་དམ་པ་བསོད་ནམས་བུ་ཁྲིད་ཀྱིས་ཁོང་གཉིས་ལ་དྲ་ཐོག་ཏུ་སྐྱབས་བཅོལ་ལག་དེབ་(RC)་དང་ཕྱི་བསྐྱོད་ལག་ཁྱེར (IC)སོགས་དེབ་སྐྱེལ་བྱེད་སྟངས་སྐོར་ལམ་སྟོན་དང་གཟབ་འཁྲིད་བྱས་ཡོད་པ་མ་ཚད། ཁྲིམས་ཁང་གི་དམ་ཡིག་སོགས་ཀྱི་འབྲི་སྲོལ་ཡང་སྦྱངས་ཡོད་པ་རེད།

 

 

(Visited 1 times, 1 visits today)