བོད་དྲང་བདེན་ཚོགས་པ་(Tibet Justice Center)ཡི་ཚོགས་གཙོ་ལྕམ་ཨེ་ཡོ་ན་ལགས་དེ་རིང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་ཁུངས་ལ་འཚམས་གཟིགས་གནང་ཡོད་པ་དང་། ལྕམ་ཨེ་ཡོ་ན་ནི་བོད་དྲང་བདེན་ཚོགས་པའི་ཚོགས་གཙོ་ཡིན་པ་དང་། ཁོང་རང་བལ་ཡུལ་ལ་གཏན་གཞི་བྱེད་ཡོད་པ་དང་། ཁོང་གིས་ད་བར་བོད་ཀྱི་ཁྲིམས་ལུགས་གནས་བབས་ཐད་ཉམས་ཞིབ་མང་པོ་གནང་ཡོད་པ་རེད། བོད་དྲང་བདེན་ཚོགས་པ་ནི་ཨ་རིར་གཏན་གཞི་བྱེད་ཡོད་པ་དང་། ཨ་རིའི་མངའ་སྡེ་ཁག་གི་ཁྲིམས་རྩོད་པ་དང་ཁྲིམས་དཔོན་སོགས་མང་པོ་ཚོགས་པ་འདིའི་ཚོགས་མི་ཡིན་པ་རེད།

དེ་རིང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་དང་། དྲུང་ཆེ་ཀུན་བཟང་སྟོབས་ལྡན་ལགས། ཁྲིམས་རྩོད་པ་རྒན་པ་རྣམ་རྒྱལ་ཚེ་སྐྱིད་ལགས་བཅས་ཁོང་དང་ཐུག་ནས་བོད་ཀྱི་ཁྲིམས་ལུགས་གནད་དོན་དང་གནས་བབས་སོགས་བརྗོད་གཞི་འདྲ་མིན་ཐད་བགྲོ་གླེང་ལྷུག་པོ་བྱས་ཡོད་པ་མ་ཚད། ཚོགས་པ་གཉིས་ཀྱིས་མ་འོངས་ལས་འཆར་སྐོར་ལ་བགྲོ་གླེང་བྱས་ཡོད་པ་རེད།

བོད་དྲང་བདེན་ཚོགས་པ་ཡིས་ད་བར་བོད་ཀྱི་ཁྲིམས་ལུགས་གནས་བབས་ཐད་ཉམས་ཞིབ་གང་མང་བྱས་དང་བྱེད་མུས་ཡིན་པ་དང་། ཕྱི་ལོ་༢༠༡༦ལོར་བོད་དྲང་བདེན་ཚོགས་པ་དང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་གཉིས་ཀྱིས་མཉམ་རུབ་ཐོག་རྒྱ་གར་དུ་བཞུགས་པའི་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གནས་བབས་ཐད་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེས་ནུབ་ཕྱོགས་སུ་གྱར་བའི་བོད་མི་ཚོར་ཁྲིམས་མཐུན་གྱི་གནས་སྡོད་ཆོག་པའི་ཆོག་མཆན་རག་པ་སོགས་གནད་དོན་གང་མང་ཐད་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།

(Visited 1 times, 1 visits today)