བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་བཙུགས་ནས་ད་ལྟའི་དབར་སྤྱི་ཚོགས་ཀྱི་ཞབས་ཞུ་མི་ཉུང་བ་ཞིག་ཞུས་དང་ཞུ་བཞིན་ཡོད་པ་དང་། བཙན་བྱོལ་བོད་ཀྱི་གཞིས་ཆགས་ཁག་དང་དགོན་སྡེ་སློབ་གྲྭ་ཁག་རྒྱ་གར་གྱི་མངའ་སྡེ་མང་པོར་འཐོར་ནས་བསྡད་ཡོད་དུས། ཚོགས་པའི་དམིགས་ཡུལ་བཞིན་ས་གནས་ཁག་ཏུ་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་འགུལ་སོགས་སྟབས་བདེ་རུ་འགྲོ་ཆེད། མེ་སཱོར་དང་བྷེན་ལོ་ལ་དམིགས་བསལ་གྱིས་ཡན་ལག་ཚོགས་པ་འཛུགས་ཡོད་པ་དང་། ཡན་ལག་ཚོགས་པའི་ཚོགས་མི་ཚང་མ་ནི་བོད་རིགས་ཁྲིམས་ལུགས་སློབ་མ་འབའ་ཞིག་ཡིན་ཙང་། ཁོང་ཚོར་ཁྲིམས་ལུགས་ཀྱི་ཤེས་བྱ་ཡོད་པ་དང་། ཁོང་ཚོ་བོད་རིགས་རྐྱང་རྐྱང་ཡིན་པས་ས་གནས་ཁག་ཏུ་ཁྲིམས་ལུགས་གོ་རྟོགས་སྤེལ་སྐབས་སྐད་རིགས་སོགས་ཀྱི་དཀའ་ངལ་ཡང་འཕྲད་ཅིང་མེད་པ་རེད་ལ། ཁོང་ཚོས་སློབ་སྦྱོང་བྱེད་པའི་བརྒྱུད་རིང་ཁྲོད་ཉམས་མྱོང་ཡང་མི་ཉུང་བ་ཞིག་བསགས་ཐུབ་ཀྱིས་ཡོད་པ་རེད།

དེ་རིང་ཡན་ལག་ཚོགས་པའི་ཚོགས་མི་རྣམས་འདི་གར་ལས་ཁུངས་སུ་སླེབས་ནས་ཁོང་ཚོའི་ལོ་འཁོར་གཅིག་གི་འཆར་གཞི་སོགས་སྙན་གསེང་ཞུས་ཡོད་པ་དང་། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ནས་ཚོགས་པའི་ལས་བསྡོམས་སོགས་སྙན་གསེང་ཞུས་ཡོད་པ་རེད། བྷེན་ལོ་ས་གནས་ཡན་ལག་ནས་མཐུན་པ་སྤུན་བཞིའི་ཐང་ཀ་གཅིག་དང་མཇལ་དར་སོགས་ལས་ཁུངས་སུ་ཕུལ་ཡོད་པ་རེད།

(Visited 1 times, 1 visits today)