ཕྱི་ལོ་༢༠༡༨ཟླ་༥་ཚེས་༧་ཉིན་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་ཨི་ཊ་ལིར་བརྟན་གཞི་བྱེད་པའི་མཚོ་པདྨ་ཚོགས་པ་ངོས་ནས་གདན་ཞུས་ལྟར་ཨི་ཊ་ལི་ལ་ཕེབས་ཡོད་པ་དང་། ཚོགས་པདྨ་ཚོགས་པའི་ཚོགས་གཙོ་ལྕམ་མ་རི་ས་ལགས་དང་གཞན་རྒྱུན་ལས་ཁག་ཅིག་དང་ཐུབ་འཕྲད་བྱས་ཡོད་པ་རེད།

ཨི་ཊ་ལིར་བརྟན་གཞི་བྱེད་པའི་ཚོགས་པདྨ་ཚོགས་པ་ནི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་རྒྱབ་སྐྱོར་བ་གཙོ་བོ་གཅིག་ཡིན་པ་དང་། ཚོགས་པ་འདིས་ཕྱི་ལོ་༢༠༡༦ལོ་ནས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་ཁུངས་ཁང་གླ་སྦྱིན་བདག་གི་ཐུགས་འགན་བྱས་ཡོད་པ་དང་། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་མཆར་གང་མང་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་ཡོད་པ་རེད།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་ད་ཐེངས་ཨི་ཊ་ལི་རུ་ཕེབས་ནས་འབྲེལ་ཡོད་སྦྱིན་བདག་དང་མཚོ་པདྨ་ཚོགས་པའི་ཚོགས་གཙོ་སོགས་ཐུབ་འཕྲད་བྱས་ཡོད་པ་དང་། ཁོང་རྣམ་པས་གཙོ་བོར་ཚོགས་པ་གཉིས་ནས་མ་འོངས་པར་ཕན་ཚུན་ཞོར་འདེགས་ཇི་ལྟར་བྱེད་དགོན་མིན་དང་། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་སྐོར་སོགས་གྲོས་བསྡུར་གཟབ་མོ་བྱས་ཡོད་པ་རེད།

(Visited 3 times, 1 visits today)