ཕྱི་ལོ་ ༢༠༡༨ ཟླ་༣ ཚེས་ ༢༤ ཉིན་ཡུ་རོབ་སྤྱི་འཐུས་ཟམ་གདོང་བྱམས་པ་ལགས་དང་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་གཉིས་འདི་གར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་ཁུངས་སུ་འཚམས་གཟིགས་སུ་ཕེབས་པ་དང་། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་ཀྱིས་ཁོང་རྣམ་པ་གཉིས་ལ་ཚོགས་པའི་ངོ་བོ་དང་དམིགས་ཡུལ། ཉིན་རེའི་ལས་དོན་དང་ལས་འཆར་སོགས་ངོ་སྤྲོད་བྱས་ཡོད་པ་དང་། ཁོང་རྣམ་པ་གཉིས་ནས་ཁྲིམས་ལུགས་ཚོགས་པའི་ལས་དོན་ལ་ཡི་རངས་བསྔགས་བརྗོད་བྱས་པ་མ་ཟད། མ་འོངས་ལས་དོན་སྐོར་ལ་དགོངས་ཚུལ་མང་པོའང་གསུངས་ཡོད་པ་རེད།

(Visited 1 times, 1 visits today)