༄༅། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་གཙོས་རྒྱུན་ལས་ཁྲིམས་རྩོད་པ་གསུམ་ དང་རྩིས་པ་བཅས་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་རུ་ཁྲིམས་ལུགས་གོ་རྟོགས་སྤེལ་ཆེད་བསྐྱོད་ཀྱིས་ལས་བསྡོམས་སྙིང་བསྡུས།
ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣༡ ནས་ ༢༠༡༧ ཟླ་ ༨ ཚེས་ ༢༠་བར།
ཚོགས་གཙོ་བློ་བཟང་གྲགས་པ་ལགས་དང་། དྲུང་ཆེ་དང་ཁྲིམས་རྩོད་པ་གཅིག་ལྕོགས་ཀུན་བཟང་སྟོབས་ལྡན་ལགས། ཁྲིམས་རྩོད་པ་བགྲེས་པ་རྣམ་རྒྱལ་ཚེ་སྐྱིད་ལགས། རྩིས་པ་བསོད་ནམས་བུ་འཁྲིད་ལགས་བཅས་ནས་ཕྱི་ལོ་༢༠༡༧ ཟླ་ ༨ ཚེས་ ༢༤ ལ།
ད་ལན་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣༡ ནས་འགོ་འཛུགས་ཀྱིས་ཟླ་ ༨ ཚེས་ ༢༠ བར་ཕྱོགས་བསྐྱོད་ཀྱིས་གཏན་འབེབས་ལས་རིམ་བཞིན་ལྷོ་ཕྱོགས་ཁུལ་གྱི་གཞིས་ཆགས་ཁག་ལྔའི་བོད་མི་སེར་སྐྱ་ཡོངས་ལ་ཚོགས་གཙོ་དང་དྲུང་ཆེ། ཁྲིམས་རྩོད་པ་དང་རྩིས་པ་བཅས་ནས་བརྗོད་གཞི་ཆ་བགོད་ཀྱིས། རྩ་བའི་ཁྲིམས་ལུགས་དབང་འཛིན་གྱི་གལ་ཆེའི་རང་བཞིན། ཁྲིམས་ཀྱི་རྨང་གཞི། བྱེ་བྲག་ཏུ་ཡུལ་ཁྲིམས་དང་འབྲེལ་གལ་ཆེ་ཁྲིམས་དོན་ཁག་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་རྒྱ་གར་རྩ་ཁྲིམས། རྒྱ་གར་གནས་བསྡོད་ལག་འཁྱེར་དང་། ཕྱི་བསྐྱོད་ལག་དེབ་གསེར་པོ། ཕྱིར་ཐོན་ཆོག་མཆན། དང་བླང་དཔྱ་དངུལ་ལག་དེབ་གྱི་སྐོར། དམ་ཡིག ཐོག་མའི་གནས་ཚུལ་སྙན་སེང་། ཡུལ་ཁྲིམས་འོག་མི་སེར་ལག་འཁྱེར་དང་ཕྱི་བསྐྱོད་ལག་དེབ་ཞུ་ཕྱོགས་དང་ཆ་རྐྱེན་། མི་སེར་ཐོབ་ཐང་ཞུས་པར་བོད་པའི་འཐབ་རྩོད་ཀྱི་ཐད་ཁེ་དང་གྱོང་གང་ཡོད་མེད་སྐོར་། དངུལ་ཁང་ཁྲིམས་ལུགས་དང་། གཞན་ཡང་ས་གནས་འགའ་ཞིག་ལ་གཉེན་སྒྲིག་དང་བཟའ་ཚང་ཁ་བྲལ་གྱི་ཁྲིམས་ལུགས་། བུད་མེད་ལ་འཁྲིག་སྤྱོད་ཀྱི་བསུན་གཙེར། བཙན་གཡེམ་དང་ཉེས་ཆད། བུད་མེད་ཀྱི་ཐོབ་ཐང་བཅས་ཀྱི་སྐོར་ས་གནས་བབས་བསྟུན་གྱིས་དོན་ཚན་ཁག་ཚོུད་གཉིས་ནང་ཚུད་གང་ཐུབ་འགྲེལ་བཤད་དང་གོ་རྟོགས་སྤེལ་ཐུབ་པ་བྱུང་།
༦། ༢༠༡༧ ཟླ་ ༨ ཚེས་ ༥ རེས་གཟའ་སྤེན་པ། མོན་གྷོ་གཏན་སློབ།
ཚེས་ ༥ ཉིན་བརྒྱབ་ཚོུད་ ༢།༠༠ ནས་༣།༣༠ བར་མོན་གྷོ་གཏན་སློབ་ཏུ་འཛིན་རིམ་༨་པ་ནས་ ༡༢ བར་གྱི་སློབ་ཕྲུག་དང་དགེ་རྒན་ ༥ ཙམ་ལ་གོང་གི་བརྗོད་གཞི་ལྟར་གོ་རྟོགས་སྤེལ་བ་དང་། བྱེད་བྲག་ཏུ་འཁྲིག་སྤྱོད་ཀྱི་བཙུན་གཙེར་ཁྲིམས་ཡིག་སྐོར། སློབ་ཕྲུག་ཚོར་ཁྲིམས་ཀྱི་སློབ་སྦྱོང་བྱེད་དགོས་གལ་སྐོར་དང་།ཁྲིམས་ལུགས་མཐོ་སློབ་དུ་འགྲིམས་དགོས་གལ་སྐོར་སོགས་ངོ་སྤྲོད་བྱས་ཡོད།
༧། ༢༠༡༧།༨།༦ རེས་གཟའ་ཉི་མ། བོད་མི་དཀའ་ངལ།
དགོང་དྲོ་ཚོུད་༥ པའི་ཐོག་མོན་གྷོ་འདོད་རྒུ་གླིང་དུ་ལོ་མང་སྔོན་ནས་བོད་ནས་སླེབས་པའི་བོད་མི་རྒྱ་གར་དུ་གནས་སྡོད་ལག་འཁྱེར་མེད་མཁན་གྲངས་ལྔ་ཙམ་ལ་ལམ་སྟོན་བྱས་ཡོད།
༨། ༢༠༡༧།༨།༧ རེ
ས་གཟའ་ཟླ་བ། བྱང་ཆུབ་ཆོས་གླིང་བཙུན་དགོན།
ཚེས་ ༧ ཉིན་བརྒྱབ་ཚོུད་ ༥།༠༠ ནས་ ༧།༠༠ བར་བྱང་ཆུབ་ཆོས་གླིང་གི་བཙུན་མ་རྣམས་ལ་གོང་གི་བརྗོད་གཞི་ལྟར་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད། བྱེད་བྲག་ཏུ་བུད་མེད་ཀྱི་ཐོབ་ཐང་དང་བུད་མེད་དང་འབྲེལ་བའི་ནག་ཉེས་ཁྲིམས་ཀྱི་སྲུང་སྐྱོབ་སྐོར་ཞུས།
དྲི་བ་ཁག་ལའང་འོས་མཚམས་ཀྱི་ལན་འདེབས་བྱས།
༩། ༢༠༡༧།༨།༨ རེས་གཟའ་མིག་དམར། མོན་གྷོ་མི་མང་།
ཞོགས་པ་ཆོུད། ༡༠།༠་ནས ༡༢།༡༥ བར། མོན་གྷོ་འདོད་རྒུ་གླིང་མི་མང་ཚོགས་ཁང་དུ་མི་མང་གྲངས ༤༠༠ ལྷག་ཙམ་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད། ས་གནས་འགོ་འཛིན་ལས་ཁུངས་ཀྱིས་བཀོད་མངགས་ཐོག་ལྷོ་ཕྱོགས་ཁུལ་གྱི་མདུན་ལམ་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་ནས་ལས་རིམ་ངོ་སྤྲོད་དང་སྦྲགས་འཐུན་འགྱུར་གང་ཐུབ་གནང་ཡོད།
༩ཁ ༢༠༡༧།༨།༨ རེས་གཟའ་མིག་དམར། འབྲས་སྤུངས་བློ་གསལ་གླིང་།
ཉིན་བརྒྱབ་ཚོུད་ ༣ ནས་ ༤ བར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ལས་ཀྱི་སྣེ་མོ་བ་རྣམས་ལ་གོང་གསལ་བརྗོད་གཞིའི་ཐོག་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
༩་ག ༢༠༡༧།༨།༨ རེས་གཟའ་མིག་དམར། དགའ་ལྡན་བླ་སྤྱིར་གྲྭ་མང་།
དགོང་དྲོ་ཚོུད་༦པ་ནས་༧།༢༠ བར་ དགའ་ལྡན་ཤར་བྱང་གཉིས་ཀྱི་དགེ་འདུན་པ་གྲངས་༦༠༠ལྷག་ལ་གོང་གསལ་བརྗོད་གཞིའི་ཐོག་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
༡༡། ༢༠༡༧།༨།༡༡ རེས་གཟའ་པ་སངས། ཀོ་ལེ་གྷལ་མི་མང་།
ཞོགས་པ་ཚོུད་༡༠ ནས་༡༢ བར་ཀོ་ལའི་ག་དོན་ལྡན་གླིང་ཚོགས་ཁང་དུ་མི་མང་༡༥༠ལྷག་ལ་གོང་གསལ་བརྗོད་གཞིའི་ཐད་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད། ས་གནས་འགོ་འཛིན་མཆོག་ནས་ལས་རིམ་དབུ་བཞུགས་ཐོག་ངོ་སྤྲོད་གསུང་བཤད་གནང་ཡོད།
༡༤། ༢༠༡༧།༨།༡༣ རེས་གཟའ་ཉི་མ། ཁྲིམས་དོན་འགྲོ་གླེང་།
ཞོགས་པ་མེ་སོར་ཁྲིམས་ལུགས་མཐོ་སློབ་སློབ་མ་རྣམས་དང་ཁྲིམས་དོན་བགྲོ་གླེང་དང་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལོ་འཁོར་ཚོགས་ཆེན་བསྐོང་ཚོགས་བྱས།
༡༦། ༢༠༡༧།༨།༡༤ རེས་གཟའ་ཟླ་བ། ཧུན་སུར་རབ་རྒྱལ་གླིང་མི་མང།
ཞོགས་པ་ཚོུད་༡།༣༠།ནས་༡༢ བར་ཧུན་སུར་རབ་རྒྱལ་གླིང་ཚོགས་ཁང་དུ་མི་མང་གྲངས་ ༢༥༠ ལྷག་ལ་གོང་གསལ་བརྗོད་གཞིའི་ཐོག་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
༡༩། ༢༠༡༧།༨།༡༦ རེས་གཟའ་ལྷག་པ། སྦེལ་ཀོབ་ལུགས་བདེ་གཉིས།
ཞོགས་པ་ཚོུད་༡༠།༠༠ པ་ནས་༡༢།༡༥བར་བདེ་སྐྱིད་སླར་གསོ་ཚོགས་ཁང་དུ་བྷེལ་ཀོབ་ལུགས་བདེ་གཉིས་ཀྱི་མི་མང་ ༤༠༠ ལྷག་ལ་གོང་གསལ་བརྗོད་གཞིའི་ཐོག་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
༢༠། ༢༠༡༧།༨།༡༦ རེས་གཟའ་ལྷག་པ། སློབ་གྲྭ་ཁག་གསུམ།
ཉིན་བརྒྱབ་ཚོུད་༢ །༠༠ པ་ནས་༣།༠༠ བར་བོད་ཁྱིམ་དང་གཏན་སློབ་སོགས་སློབ་གྲྭ་ཁག་གསུམ་གྱི་སློབ་མ་གྲངས་༤།༠༠ ལྷག་ལ་སློབ་མར་རྒྱུན་མཁོའི་ཁྲིམས་ལུགས་ཁག་ལ་གོ་རྟོགས་སྤེལ་ཡོད།
༢༡། ༢༠༡༧།༨།༡༦ རེས་གཟའ་ལྷག་པ། སེ་ར་བྱས་སྨད་གཉིས།
དགོང་དྲོ་ཚོུད་༦པ་ནས་༧།༣༠་བར་སེར་ར་བྱས་སྨད་གཉིས་ཀྱི་དགེ་འདུན་པ་གྲངས་༧༠༠ལྷག་ལ་གོང་གསལ་བརྗོད་གཞིའི་ཐོག་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
༢༢། ལྷོ་གཞིས་ཁག་ལྔར་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་གཞི་འགྲུབ་རྗེས་མི་མང་ནས་ཤེས་རྟོགས་བྱུང་བའི་དཀའ་ངལ་ཁག་དང་དགོངས་ཚུལ་ཁག་གཤམས་གསལ།
-
བཙན་བྱོལ་བོད་མི་རྣམས་རྒྱ་གར་རུ་བསྡད་པར་སྐྱབས་བཅོལ་ལག་དེབ་དེ་ངེས་པར་ཏུ་དགོས་ངེས་ཡིན་པ་དང་།རྒྱ་གར་ཡུལ་ཁྲིམས་ནང་གསལ་ལག་དེབ་དེ་ཉིད་ལོ་རེའང་ཆ་རྐྱེན་ཚང་རིགས་ལ་ལོ་ལྔ་ཕར་འགྱངས་དགོས་གལ་ཡིན་པས། ལྷོ་གཞིས་ཁག་ཏུ་ལག་དེབ་ཕར་འགྱངས་བྱེད་པར་རྒྱ་གར་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་ཚོས་ལྐོགས་དངུལ་ལེན་པའི་གོམས་གཤིས་སམ་ལམ་ལུགས་ཤིག་ཆགས་ཡོད་པས། མི་མང་ལ་དཀའ་ངལ་ཆེན་པོ་འཕྲེད་ཀྱི་ཡོད་ཅེས་གསུངས་སོང་།
-
དེང་སང་རྒྱ་གར་གཞུང་ནས་སྐྱབས་བཅོལ་ལག་དེབ་སོགས་ཕར་འགྱངས་བྱེད་པར་དྲ་ཐོག་ནས་བརྒྱུད་དགོས་པའི་ལམ་སྲོལ་གསར་པ་ཞིག་བཏོད་ཡོད་པས།ས་ཕྱོགས་གང་ས་ནས་ཕེབས་པའི་དགེ་འདུན་པ་ཚོའི་སྐྱབས་བཅོལ་ལག་དེབ་གནས་སྡོད་ས་གནས་དེ་གར་ཕར་འགྱངས་བྱེད་མི་ཐུབ་པ་དང་།ལག་དེབ་ཁ་ཤས་Transferཞུས་ཡོད་ནའང་ཕར་འགྱངས་དགོས་ངེས་ཀྱི་དུས་ཐོག་མ་འབྱོར་པ་སོགས་ཀྱི་དཀའ་ངལ་ཆེན་པོ་ཡོད་པར་གསུངས་སོང་།
-
མོན་གྷོ་འདོད་རྒུ་གླིང་གཙོས་གཞིས་ཆགས་ཁག་ཏུ་ལོ་མང་སྔོན་ནས་བོད་ནས་སླེབས་པའི་བོད་མིར་སྣེ་ལེན་ཁང་གི་ཤོག་བུ་དཀར་པོ་མེད་པའི་རྐྱེན་སྐྱབས་བཅོལ་ལག་དེབ་མེད་མཁན་མང་པོ་ཡོད་པ་རྣམས་དང་ངོ་ཐུག་གིས་ཁོང་ཚོས་དངུལ་འཛིན་གཙོས་དགོས་གལ་ཡིག་ཆ་མ་པོ་བཟོ་མ་ཐུབ་པའི་དཀའ་ངལ་ཞུས་སོང་། དེ་ན་བདེ་སྲུང་ལས་ཁུངས་སུ་ཐོ་གཞུང་ཕུལ་ཟིན་འདུག
-
ལྷོ་གཞིས་ཁག་ཏུ་Exit Permit དང་Return Visaསོགས་ཞུས་དགོས་ཚེ།ས་གནས་རྫོང་ཐོག་ཏུ་ཞུས་ཐབས་བྲལ་པར།ངེས་པར་ཏུ་བྷེན་ལོ་གྲུང་ཁྱེར་བརྒྱུད་དགོས་པས།བརྒྱུད་རིམ་ལ་དུས་ཚོད་འགོར་པ་དང་ལམ་ལམ་ཐག་རིང་པ།འགྲོ་སོང་ཆེ་བ་སོགས་ཀྱི་དཀའ་ངལ་ཡོད་པས། ཡིག་ཆ་དེའི་རིགས་རྡ་རམས་ས་ལ་བཞིན་ས་གནས་རྫོང་ཐོག་ནས་བཟོ་འཐུས་ཡོང་བའི་རེ་བ་འདུག
-
ལྷོ་ཕྱོགས་དགོན་སྡེ་ཁག་ནི་སྤྱིན་བདག་སོགས་ལ་བརྟེན་ནས་འཚོ་བ་རང་སྐྱོང་གི་གནས་སྟངས་སུ་ཡོད་པ་དང་།མཚམས་རེར་སྦྱིན་བདག་སོགས་དགོན་པར་ཕེབས་འདོད་ཡོད་ཀྱང་PAPབཟོ་དགོས་པ་དང་།ཆོག་འཆན་དེ་ཐོབ་པར་དུས་ཡུན་འགོར་པ་དང་།མཚམས་རེར་བཟོ་མ་ཐུབ་པའི་དཀའ་ངལ་སོགས་ཡོད་པས།དེའི་ཐད་དཀའ་ངལ་ཆེན་པོ་ཡོད་པར་གསུངས་སོང་།
-
ལྷོ་གཞིས་ཁག་གི་སོ་ནམས་པ་ཚོས་RCTསོ་སོའི་སྒེར་མིང་སྒང་མེད་པ་ཙང་།རྒྱ་གར་གཞུང་ནས་ཞིང་ལས་སྐྱབས་གསོ་དང་གུད་གསབ་སོགས་ཞུས་པ་དཀའ་ངལ་ཆེན་པོ་འདུགRCTསྒེར་མིང་ཐོག་བསྒྱུར་ཐུབ་མིན་ཐད་ལམ་སྟོན་ཁ་གསལ་མེད་པའི་དཀའ་ངལ་ཡོད་པར་གསུངས་སོང་།
-
དཔལ་འབྱོར་ལས་ཁུངས་ནས་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོའི་ཐད་མི་མང་གི་བདེ་སྡུག་ལ་མི་གཟིགས་པར་དུས་འགོར་ཕྱིར་འགྱངས་བྱེད་པ་སོགས་ཀྱི་དཀའ་ངལ་ཡོད་པ་གསུངས་སོང་ལ།མི་མང་གི་དཀའ་ངལ་སེལ་ཆེད་རྒྱུ་མཚན་ཡང་དག་ཐོག་བཟོ་བཅོས་བྱེད་པའི་གོ་སྐབས་ཐེངས་གཉིས་ངེས་པར་ཏུ་དགོས་ཞེས་གསུངས་སོང་།
-
ལྷོ་གཞིས་ཁག་ཏུ་བོད་པ་དམག་མི་ཁ་ཤས་ཀྱིས་ལུགས་མཐུན་རྩ་དགོངས་ཞུས་མེད་པར་རང་མཚམས་ཀྱིས་དམག་སྒར་ནས་ཐོན་ཡོད་པས།RCདང་དེབ་ལྗང་ཁུ་སོགས་དགོས་ངེས་ཡིག་ཆ་སོགས་དམག་སྒར་ནས་རག་ཐབས་བྱས་ཀྱས་ཕྱིར་སོན་མ་བྱུང་བར་དཀའ་ངལ་ཆེན་པོ་ཡོད་པར་གསུངས་སོང་ལ།བོད་མིའི་སྒྲིག་འཛུགས་ནས་དེའི་རིགས་ཀྱི་དཀའ་ངལ་སེལ་ཐབས་ལ་སྐྱབས་འཇུག་ཡོང་པའི་རེ་བ་ཞུས་སོང་།
-
དེ་བཞིན་སྐྱབས་བཅོལ་བོད་མི་ཚོས་རྒྱ་གར་ཕྱི་བསྐྱོད་ལག་འཁྱེར་ཞུས་ན་ཕན་ཡོན་དང་འཐུས་མིན་སྐོར་བསམ་ཚུལ་ལམ་དྲི་བ་བྱུང་བ་དང་།
-
ལྷོ་གཞིས་ཁག་ཏུ་དེང་སང་Income Deposit Security (IDS)དང་Goods and Service Tax(GST)སོགས་ལ་གོ་རྟོགས་ཁ་གསལ་མེད་པར་དཀའ་ངལ་འདུག་ཅེས་གསུངས་སོང་།
-
ལྷོ་གཞིས་ཁག་ཏུ་ཚོང་ཁང་དང་ཟ་ཁང་སོགས་དོན་གཉེར་བྱེད་པར་ཁྲིམས་མཐུན་ཡིག་ཆ་བཟོ་གལ་ཡིན་མིན་དང་། ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་ཚོང་གཉེར་བྱེད་པར་རྒྱ་གར་གཞུང་ལ་ཁྲལ་སྤྲོད་དགོས་མིན་སོགས་ཀྱི་ཁ་གསལ་ལམ་སྟོན་མེད་པའི་དཀའ་ངལ་འདུག་ཅེས་གསུངས་སོང་།
-
གཞན་ཡང་བཟའ་ཚང་ཁ་བྲལ་སྐབས་བུད་མེད་ལ་ཐོབ་ཐབས་དང་མོ་ཀྲ་རྡབ་ཆགས་སྐབས་ཐབས་ལམ་བཅས་ཀྱི་སྐོར་དྲི་བ་མང་པོ་བྱུང་ཡོད་པ་བཅས་ལ་འོས་མཚམས་ཀྱི་ལམ་སྟོན་དང་ལན་འདེབས་བྱས་པ་ཡིན།
མཐའ་དོན།
ཐེངས་འདིའི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་དང་། མི་མང་རྣམས་ལ་དྲི་བར་ལན་འདེབས་དང་ཁྲིམས་དོན་དཀའ་ངལ་སེལ་ཐབས་ཀྱི་ལམ་སྟོན་གང་ཐུབ་བྱས་ཡོད་པས། ས་གནས་ཚོགས་སྡེ་ཁག་གི་འགོ་འཛིན་དང་མི་མང་སོགས་ནས་འདི་ལྟར་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་རིམ་ནི་དམིགས་བསལ་དགོས་གལ་ཅན་ཞིན་ཡིན་པ་དང་། མི་མང་རྣམས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བྱུང་ཡོད་ལུགས་སོགས་གསུངས་སྟེ་ཡི་རངས་བསྔགས་བརྗོད་དང་སྦྲགས། ཕྱིས་སུ་འདིའི་རིགས་ཀྱི་ལས་རིམ་གང་མང་ཡོང་བའི་རེ་འདུན་གང་མང་གཏོན་གནང་མཛད་སོང་།