ཚང་མས་མཁྱེན་གསལ་རེད། གཞུང་གི་གནད་ཡོད་མི་སྣ་སུ་ཡིན་ནའང་རང་བཞིན་གྱི་སྤྱི་ཚོགས་དྲྭ་རྒྱའི་ཁ་བྱང་ཞིག་ཡོད་པ་དང་། དེའང་ཁོང་ཚོས་སོ་སོའི་སྟངས་འཛིན་འོག་མེད་པར་དམིགས་བསྐོས་ལས་བྱེད་དང་སྡེ་ཚན་ནས་སྟངས་འཛིན་དང་བརྒྱུད་སྤེལ་བྱེད་ཀྱི་ཡོད་རེད། རྒྱལ་ཁབ་ཅིག་གི་སྲིད་འཛིན་ཞིག་ཡིན་ན། ཁོང་གི་སྤྱི་ཚོགས་དྲྭ་རྒྱ་བརྒྱུད་གཞུང་འཛིན་ཚོགས་པའི་ཆབ་སྲིད་དང་སྲིད་ཇུས། རྒྱལ་ཁབ་དེའི་ཁ་ཕྱོགས་དང་མི་དམངས་ལ་གསལ་བསྒྲགས་སོགས་གང་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་གཞི་བཟུང་གནས་ཚུལ་འདྲ་མིན་སྤེལ་གྱི་ཡོད་པ་རེད། ཡིན་ནའང་དྲྭ་མིང་ཐོག་གསལ་བ་ནི་དབུ་ཁྲིད་ག་གེ་མོའི་མཚན་དེ་རེད། གནད་དོན་དེའི་སྐོར་ཁྲིམས་ཐོག་ནས་གཟིགས་སྟངས་ག་འདྲ་ཡོད་མེད་ཐད་བགྲོ་གླེང་ཆེན་པོ་ཡོད་པ་རེད། རྒྱུ་མཚན་ནི། སྤྱི་ཚོགས་དྲྭ་རྒྱ་དེ་སྒེར་དང་སྤྱི་གཉིས་གང་གི་ཁོངས་སུ་གཏོགས་ཀྱི་ཡོད་མེད་ཐད་དང་། གནས་ཚུལ་སྤེལ་དོན་ལས་བྱུང་བའི་གནད་དོན་དེ་སུས་འགན་འཁུར་གནང་དགོས་མིན་སོགས་རེད།

རྒྱ་གར་ཆེས་མཐོ་ཁྲིམས་ཁང་ནས་སྤྱི་མང་གི་གནས་་དོན་དང་སྒེར་དོན་གྱི་དབྱེ་བ་གཙོ་བོ་ནི་སྤྱི་ཚོགས་དྲྭ་རྒྱ་དེ་ནས་བརྒྱུད་སྤེལ་གྱི་གནས་ཚུལ་ཁག་སུས་སྟངས་འཛིན་འོག་བྱུང་པ་དང་། དེའི་ཁེ་ཕན་དེ་རྒྱལ་ཁབ་ཀྱི་གཏན་འབེབས་ཁྲིམས་དོན་ལྟར་སྤྱི་མང་ལ་ཕན་པ་ཞིག་ཡིན་མིན་ཐད་གཟིགས་དགོས་ཚུལ་གསུངས། རྒྱ་གར་གྱི་གནས་ཚུལ་མཁོ་སྤྲོད་ཀྱི་ཐོབ་ཐང་(Right to Information Act )ཞེས་པའི་ཁྲིམས་ཡིག་དེའི་ནང་། སྤྱི་མང་གནས་ཚུལ་སྐོར་འགྲེལ་བཤད་གསལ་པོ་བརྒྱབ་ཡོད་པ་རེད། དེ་འདྲ་སོང་ཙང་། དམིགས་བསལ་སྡེ་ཚན་གྱི་སྟངས་འཛིན་བྱེད་པའི་གཞུང་གི་གནད་ཡོད་མི་སྣའི་སྤྱི་ཚོགས་དྲྭ་ཚིགས་ཁག་ནི་སྤྱི་མང་གནས་དོན་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད།

(Visited 1 times, 2 visits today)