འདི་གར་ལས་ཁུངས་སུ་ཁྲིམས་ལུགས་རིག་པ་བ་ཞིག་གི་ས་མིག་ཐོན་པ་དང་། བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམས་ལ་གསལ་བསྒྲགས་སྔོན་སོང་ལྟར། མི་གསུམ་གྱིས་སྙན་ཞུ་བརྒྱབ་པ་དང་དྲྭ་རྒྱ་བརྒྱུད་དྲི་བ་དྲི་ལན་བརྒྱུད་འདེམས་བསྒྲུབས་བྱས་པ་རེད།

མཐར་མི་གསུམ་གྱི་ནང་། རྒྱ་ཆ་མཐོ་ཤོས་ཆོས་སྐྱིད་ལགས་ལ་ཐོབ་ཏེ་ཁོང་ལས་བྱེད་དུ་འདེམས་བསྒྲུབས་བྱས་ཡོད་ནའང་། ཉིན་གཅིག་གི་རྗེས་ཁོང་ཡོང་ཐུབ་ས་མ་རེད་ཅེས་ལས་ཁུངས་ལ་ཕྱག་བྲིས་འབྱོར། རྒྱ་ཆ་མཐོ་ཤོས་གཉིས་པ་དེ་བསྟན་འཛིན་སྒྲོལ་དཀར་ལགས་ཡིན་པས་ཁོང་བྱེད་དུ་འདེམས་བསྒྲུབས་བྱས།

བསྟན་འཛིན་སྒྲོལ་དཀར་ལགས་ནི་འཛིན་གྲྭ་བཅུ་གཉིས་བར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་པདྨ་ཚལ་དངསམ་བྷོ་ཊ་སློབ་གྲྭ་ཕེབས་ཡོད། དེ་ནས་ཁོང་གི་རྒྱ་གར་ལྷོ་ཕྱོགས་བྷེན་ལོར་གྲོང་ཁྱེར་CMRཁྲིམས་ལུགས་མཐོ་སློབ་ཏུ་འགྲེམས་ནས་ཁྲིམས་ལུགས་རམ་འབྱམས་པ་སློབ་ཐོན་བྱས། ཁོང་མཐོ་སློབ་ཏུ་བསྐྱོད་པའི་སྐབས་རྒྱ་གར་གྱི་ཁྲིམས་ཁང་ཆེ་ཆུང་འདྲ་མིན་དང་། བོད་མིའི་ཁྲིམས་ལུགས་རིག་པ་བ་བའི་ཚོགས་པ་བཅས་ནས་ཉམས་གསོའི་ལས་གཞིའི་ནང་ཐེངས་མང་བཞུགས་ཡོད་པ་རེད།

ཁོང་གིས་གནས་སྐབས་དྲུང་ཆེ་ཚད་མཉམ་གྱི་མཛད་འགན་བཞེས་པ་དང་། ཚོགས་པའི་དྲྭ་རྒྱ་དོ་དམ། འབྲེལ་འཐུད་བཅས་ཀྱི་ཐད་ཕྱག་ལས་གནང་རྒྱུ་རེད།

(Visited 1 times, 1 visits today)