རྒྱ་ནག་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་འབུ་དེའི་རྐྱེན་པས་འཛམ་གླིང་མི་དམངས་ཐམས་ཅད་ལ་བརྗོད་དཀའ་བའི་དཀའ་ལས་བཟོས་ཡོད་པ་དང་དུས་མཚུངས། ལས་རིགས་སྡེ་ཚན་ཁག་གི་ལས་ཀ་བྱེད་ཕྱོགས་ལའང་འགྱུར་བ་ཆེན་པོ་ཞིག་སོང་ཡོད། དེ་ནི་དེང་སང་ལས་བྱེད་ཚོ་ལས་ཁུངས་སུ་འགྲོ་མི་འགོས་པར་སོ་སོའི་རང་ཁྱིམ་ནས་ལས་ཀ་བྱེད་རྒྱུ་དེ་རེད། ང་ཚོ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ལ་མཚོན་ན། ནམ་རྒྱུན་ང་ཚོའི་ལས་ཀ་ནི་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཁང་དང་ཁྲིམས་ཡིག་འབྲེལ་ཡོད་ལས་ཁུངས་ཁག་གི་ནང་མི་དམངས་ཀྱི་ཁྲིམས་དོན་དཀའ་ངལ་སེལ་རྒྱུ་དེ་རེད། ཡིན་ནའང་། ད་ལེན་ཏོག་དབྱིབས་ནད་འབུ་རྐྱེན་པས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཁང་དང་འབྲེལ་ཡོད་ལས་ཁུངས་མང་པོས་དོ་དམ་དང་དཀའ་འདོམས་བཀོད་ཁྱབ་སོགས་རིམ་གྱིས་བྱུང་བས། ནམ་རྒྱུན་ལྟར་ཁྲིམས་ཁང་དང་ལས་ཁུངས་ལ་ཆེད་བཅར་གྱི་ཕྱག་ལས་བསྒྲུབ་ཐབས་དཀའ།

འཛམ་གླིང་འགྱུར་འགྲོས་དང་མཐུན། འདི་གར་ལས་ཁུངས་ལས་བྱེད་ཚོས་སོ་སོར་དཀྲི་བའི་འགན་དབང་རྣམས་འཐུས་བཤོལ་མ་སོང་པར། ཁྲིམས་དོན་དོ་སྣང་དང་། མ་འོངས་ལས་མཆར་ལ་གྲ་སྒྲིག ཁ་པར་དང་ཀློག་འཕྲིན་བརྒྱུད་དགོས་ཡོད་བོད་མི་རྣམས་ལ་ཁྲིམས་དོན་གྱི་ལམ་སྟོན་བྱེད་པའི་གོ་སྐབས་བསྐྲུན་ཡོད་ལ། ད་བར་བོད་མི་མང་པོར་ལམ་སྟོན་བྱས་ཡོད།

(Visited 1 times, 1 visits today)