ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༩ ཉིན་གྱི་ཞོགས་པ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་མི་རྣམས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཁ་ཞུས་པར། ༧གོང་ས་མཆོག་གིས་ཁྲིམས་ཀྱིས་དབང་བསྒྱུར་ཞེས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། ང་རང་ཚོ་བཙན་བྱོལ་ལ་གནས་ཡོད་ཀྱང་། ཁྲིམས་ཞིབ་ཁང་ཞིག་ཟུར་དུ་བཙུགས་ཏེ། མ་འོངས་པའི་སོན་རྩའམ། ཉམས་མྱོང་གསོག་ཡག་ཅིག་ཆགས་རྒྱུ་རེད། ཡིག་ཆའི་ནང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་ཡུལ་ཁྲིམས་སློབ་ཐོན་པའི་ཚོགས་པ་ཞིག་བྱུང་ན། དེས་བོད་མི་དང་། ཉེ་འཁོར་ཡུལ་མི་ཉམས་ཐག་ཚོར་རོགས་ཕན་བྱེད་ཐུབ་པ་བྱུང་ན་ཡག་པོ་ཡོད་སྐོར་གསུངས་པ་ལྟར། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་ཆེན་ཐོག་སྤྱི་མོས་ཀྱིས་ཚོགས་པ་འདི་བཙུགས་པ་རེད།

ཚོགས་པ་འདིས་ད་བར་བོད་མི་ ༤༠༠ ལྷག་ལ་ཁྲིམས་དོན་གྱི་དཀའ་ངལ་སེལ་ཐབས་བྱས་ཡོད་པ་དང་། ཁྲིམས་དོན་གྱི་དཀའ་ངལ་འཕྲད་པའི་བོད་མི་བརྒྱ་ཕྲག་མང་པོའི་དཀའ་ངལ་སེལ་ཡོད་པ་དང་། བོད་མི་མང་པོའི་མི་ཚེའི་ནང་དཀའ་ངལ་ཆེན་པོ་གང་མང་བཙང་སེལ་བྱས་ཐུབ་པ་བྱུང་ཡོད། བརྒྱུད་རིམ་འདིའི་ནང་། ཁྲིམས་རྩོད་པ་ཀུན་བཟང་སྟོབས་ལྡན་ལགས་ཀྱིས་ཞལ་རྗེས་བླག་མེད་བཞགས་ཡོད་པ་དང་། ཁོང་ཚོགས་པའི་ནང་བཞུགས་རིང་ལས་ལ་བརྩོན་ཞིང་། བོད་མིའི་མང་པོས་གདེང་འཇོག་འོས་པའི་ཁྲིམས་རྩོད་པ་ཞིག་ཆགས་ཡོད། ད་ཐེངས་ཁོང་རང་སྒེར་དོན་གྱི་རྐྱེན་པས་ཚོགས་པ་ནས་རྩ་དགོངས་ཞུ་དགོས་བྱུང་པ་ཚོགས་པའི་ངོས་ནས་གྱོན་གུན་ཆེན་པོ་ཞིག་ལ་རྩི་བཞིན་ཡོད། ཚོགས་པ་ངོས་ནས་ཁོང་གི་མ་འོངས་ལས་དོན་ཡོངས་རྫོགས་ལམ་ལྷོང་ཡོང་པ་དང་ཅི་བསམ་དོན་དུ་འགྲུབ་པའི་སྨོན་འདུན་ཞུ་ཡི་ཡོད། ཁྲིམས་རྩོད་པ་ཀུན་བཟང་སྟོབས་ལྡན་ལགས་ཀྱིས་ཟླ་འདིའི་ཚེས་ ༡༥ ཉིན་ནས་ལས་མཚམས་བཞགས་ཡོད།

(Visited 1 times, 1 visits today)