བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་དོན་གྱི་དཀའ་ངལ་འཕྲད་མཁན་རྣམས་ལ་རོགས་རམ་དང་ལམ་སྟོན་གནང་མཁན་ཞིག་ཡིན་པ་མ་ཚད། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཆེ་མཐོང་གོང་མཐོར་གཏོང་པར་མ་འོངས་བོད་ཀྱི་ཁྲིམས་རྩོད་པ་གསོ་སྐྱོང་དང་སྦྱོང་བརྡ་སྤྲད་སའི་ལས་་ཁུངས་ཤིག་ཀྱང་ཆགས་ཡོད། ལོ་ལྟར་བཞིན་ཕྱི་རྒྱལ་ཁག་དང་རྒྱ་གར་ནང་སློབ་སྦྱོང་བྱེད་པའི་ཁྲིམས་ལུགས་སློབ་མ་དང་། སློབ་མཐར་ཕྱིན་ནས་ཁྲིམས་ལུགས་ཁྱད་ལས་ཐོག་ཕྱག་ལས་གནང་མཁན་གྱི་ཁྲིམས་རྩོད་པ་རྣམས་ལ་ཉམས་མྱོང་གསོ་སྦྱངས་ཀྱི་གོ་སྐབས་མང་པོ་ཕུལ་དང་འཕུལ་བཞིན་ཡོད། ད་བར་ལས་ཁུངས་ཁུངས་སུ་ཉམས་གསོ་བྱེད་མཁན་གྲངས་ ༢༠ ལྷག་ཡོང་ཟིན།

ལོ་འདིར་མཐོ་སློབ་ཀྱི་གུང་སེང་དང་སྟབས་བསྟུན་གྱིས་ CRM ཁྲིམས་ལུགས་མཐོ་སློབ་ཏུ་ལོ་རིམ་བཞི་པར་འགྲེམས་བཞིན་པའི་བསྟན་འཛིན་ཀུན་གསལ་ལགས་དང་ CRM ཁྲིམས་ལུགས་མཐོ་སློབ་ཏུ་ལོ་རིམ་གསུམ་པར་འགྲེམས་བཞིན་པའི་སྐལ་བཟང་རབ་རྒྱལ་ལགས་གཉིས་འདི་གར་ལས་ཁུངས་སུ་ཟླ་བ་གཅིག་གི་རིང་ཉམས་གསོ་བྱེད་དུ་ཡོང་ཡོད། ཁོང་གཉིས་ནས་གཙོ་བོར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་འཕེལ་རིམ་དང་ད་ལྟའི་གནས་བབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་ཀྱི་གོ་རྟོགས་གནས་བབས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་ཁྱད་ལས་ལ་ད་བར་གོ་སྐབས་ཇི་ཙམ་སྤྲད་ཡོད་མེད་སོགས་ཀྱིས་ཐད་ཉམས་ཞིབ་བྱེད་ཀྱིས་ཡོད།

(Visited 1 times, 1 visits today)