བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇི་ལྟར་བཀའ་གནང་པར་བཞིན་ཕྱི་ལོ་༢༠༡༣ ཟླ་ ༦ ཚེས་༣༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གོ་སྒྲིག་བྱས་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་ཆེན་དུ་འཛུགས་གཏན་འཁེལ་པ་དང་། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀ་ན་ཀྲ་ཀ་མངའ་སྡེ་དེབ་སྐྱེལ་ཁྲིམས་ལུགས་འོག་ཁྲིམས་མཐུན་དེབ་སྐྱེལ་བྱས་པ་རེད། དེ་ནས་བོད་ཀྱི་ཐེབས་རྩ་དང་མཚོ་པདྨ་ཚོགས་པ་གཉིས་ཀྱིས་མཐུན་རྐྱེན་རོགས་རམ་འོག་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡ ཉིན་བཞུགས་སྒར་དྷ་རམས་སར་ལས་ཁུངས་བཙུགས་ནས་དངོས་སུ་མི་མང་ལ་ཁྲིམས་དོན་ཞབས་ཞུ་ཞུ་འགོ་བརྩམས་པ་རེད།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་དམིགས་ཡུལ་མང་པོ་ཡོད་པའི་ནང་ནས་གཅིག་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་གང་ནས་ཀྱང་རོགས་རམས་དགོས་སྐོར་བཀའ་གནང་ན། དེའི་ཐད་ནུས་པ་གང་ལྩོགས་ཀྱིས་ཞབས་འདེབས་ཞུ་རྒྱུ་ཡིན་པ་གསལ་བ་བཞིན། ད་ཐེངས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དེབ་སྐྱེལ་སྐོར་རོགས་རམས་དགོས་ལུགས་བཀའ་གནང་པ་བཞིན། ཚོགས་པ་ངོས་ནས་ནུས་པ་གང་ཡོད་ཀྱིས་ཕྱི་ལོ་༢༠༡༨ ཟླ་ ༧ ཚེས་ ༡༠ ཉིན་དེབ་སྐྱེལ་བརྒྱུད་རིམ་ཡོངས་སུ་འགྲུབ་ནས་ལག་འཁྱེར་རག་ཡོད་པ་རེད།

དཔལ་ལྡན་ཆོས་རིག་ལས་ཁུངས་ནས་ཚོགས་པར་ཐུགས་རྗེ་ལེགས་འབུལ་ཚུལ་དུ་སྒྲོལ་མ་སྐུ་འདྲ་ཨེན་ཆེ་ ༨ ཅན་ཞིག་བསྩལ་གནང་མཛད་ཡོད་པ་རེད།

(Visited 1 times, 1 visits today)