བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་བཙན་བྱོལ་བོད་མི་རྣམས་ལ་ཁྲིམས་ལུགས་དང་འབྲེལ་བའི་ལས་དོན་ཡོངས་ལ་རོགས་རམས་མཐུན་སྦྱོར་གནང་གི་ཡོད་པ་མ་ཟད། ཁྲིམས་ལུགས་སློབ་མ་རྣམས་ལ་ཉམས་མྱོང་གསོ་སྦྱོང་གི་མཐུན་རྐྱེན་ཡང་གནང་གི་ཡོད་པ་རེད། ད་ལྟའི་བར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ནང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཁྲིམས་ལུགས་སློབ་མ་དང་ཁྲིམས་རྩོད་པ་སོགས་གྲངས་བཅུ་ཕྲག་བརྒལ་བ་ཕེབས་ཡོད་པ་ལྟར། ཐེངས་འདིར་བོད་མིའི་ཁྲིམས་ལུགས་རིག་པ་བ་བདེ་སྐྱིད་མཚོ་མོ་ལགས་ཀྱིས་ཟླ་བ་གཉིས་རིང་ཉམས་མྱོང་གསོ་སྦྱོང་བྱས་པའི་ལས་རིམ་ལེགས་གྲུབ་བྱུང་ཡོད། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ངོས་ནས་ཁོང་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།

(Visited 1 times, 1 visits today)