ཕྱི་ལོ་༢༠༡༧ཟླ་༦ཚེས༢༡ཉིན། ཉིང་ཧོང་གི་གློག་བརྙེན་བཟོ་བསྐྲུན་པ་སྐུ་ཞབས་Tamio Ota ལགས་དང་ཁོང་གི་ཕྱག་རོགས་རྣམ་པ་འདི་གར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་སླེབས་ནས། བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གནས་བབས་སོགས་ཀྱི་ཐད་བཅའ་འདྲི་བྱས་ཡོད་པ་དང་། སྐབས་དེར་ཁྲིམས་རྩོད་པ་ཀུན་བཟང་སྟོབས་ལྡན་ལགས་ནས་བཙན་བྱོལ་བོད་མིའི་ཁྲིམས་དོན་གྱི་གནས་སྟངས་དང་ད་སྐབས་བཙན་བྱོལ་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་དག་ལ་གསལ་བཤད་བྱས་ཡོད་པ་རེད། གློག་བརྙེན་བཟོ་བསྐྲུན་པ་ཁོང་གི་གློག་བརྙེན་རྣམས་རྒྱུན་དུ་ནས་ཤར་ནུབ་ཀྱི་གློག་བརྙེན་འགྲེན་སྟོན་དང་བྱ་དགའ་གསོས་རེས་མཛད་སྒོ་སོགས་སུ་འཛུལ་བཞུགས་བྱེད་ཀྱིས་ཡོད་པ་རེད།

(Visited 1 times, 1 visits today)