ཉེ་བའི་ཆར། རྒྱ་གར་ཆེས་མཐོ་ཁྲིམས་ཁང་ནས་ཐག་གཅོད་གནང་དོན་ལ། ཉེས་རྟོག་པས་གཞང་བཙོང་མར་ཐུབ་ཚོད་དང་དམའ་འབེབས་གཏོང་མི་ཆོག་པའི་བཀའ་རྒྱ་བཏང་འདུག དེ་ཡང་ཁྲིམས་ཁང་ནས་གསུང་དོན་གཞི་ན། གཞང་བཙོང་མའང་འགྲོ་བ་མིའི་ཆ་ཤས་ཤིག་ཡིན་ཙང་། ཁོང་ཚོ་ལའང་འགྲོ་མིའི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་པའི་ཐོབ་ཐང་ཡོད་པ་དང་། ཉེས་རྟོག་པས་ཀྱང་ཁོང་ཚོའི་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབ་དགོས་རེད་ཟེར།

ཁྲིམས་ཁང་གི་བཀའ་རྒྱའི་ནང་། གཞང་བཙོང་མའི་ལས་ཀ་ནི་སྤྱི་ཚོགས་ནང་མཐོང་ཆུང་བྱེད་པའི་ལས་ཀ་ཞིག་ཡིན་པ་དང་། གཞང་བཙོང་གི་ལས་ཀ་ནི་ཁྲིམས་འགལ་གྱི་ལས་ཀ་ཞིག་ཡིན་ནའང་། ཉེས་རྟོག་པས་ཞིབ་བཤེར་བྱེད་སྐབས་གཞང་བཙོང་མ་རྣམས་ལ་རྡུང་རྡེག་གཏོང་པ། ཚིག་རྩུབ་བེད་སྤྱོད་གཏོང་པ། དམའ་འབེབས་གཏོང་པ་སོགས་ནི་ཁོང་ཚོའི་ཐོབ་ཐང་ལ་རྡོག་རུལ་གཏོང་པ་ཡིན་པས། དེ་ནི་ཁྲིམས་འགལ་ཡིན་སྐོར་བཀོད་འདུག

ཁྲིམས་ཁང་གི་གསུང་དོན་ལ། གཞང་ཁང་བཙུགས་པ་ནི་ཁྲིམས་འགལ་གྱི་ལས་ཀ་ཞིག་ཡིན་ནའང་། ཁྲིམས་འགལ་གྱི་ཉེས་པ་ཆེ་ཤོས་ནི་གཞང་ཁང་བཙུགས་མཁན་དང་དེའི་བདག་པོ་ལ་ཡོད་པ་ལས། ཁྲིམས་འགལ་གྱི་འགན་དབང་ཆ་ཚང་གཞང་བཙོང་མ་རྣམས་ལ་བཀལ་མི་ཆོག་པ་དང་། ལྷག་པར་ཁོང་ཚོ་འཛིན་བཟུང་བཀག་ཉར་བྱེད་སྐབས། ཁོང་ཚོ་ལ་ཚུལ་མིན་གྱི་བྱ་སྤྱོད་སྤེལ་མི་ཆོག་གསུངས་འདུག

མ་ཚད། ཁྲིམས་ཁང་གི་གསར་འགོད་ལས་ཁང་རྣམས་ལ་བཀའ་རྒྱ་བཏང་དོན་ལ། གསར་འགོད་པ་ཚོས་ཉེས་རྟོག་ལས་ཁང་ནས་གཞང་བཙོང་མ་འཛིན་བཟུང་བཀག་ཉར་བྱེད་སྐབས་ལྟ་སྲུང་བྱེད་དགོས་པ་དང་། གསར་འགོད་ཀྱི་ལས་ཀའི་ངོ་བོ་ཐོག་ཕྱག་ལས་གནང་ཆོག་ནའང་། གཞང་བཙོང་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རུལ་གྱིས་ཁོང་ཚོའི་པར་རིས་སོགས་གསར་འགྱུར་ཁག་ཏུ་བཀྲམ་མི་ཆོག་ཟེར།

ད་དུང་། ཁྲིམས་ཁང་གི་གཞང་བཙོང་མའི་འཕྲོད་བསྟེན་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་དབང་སྲིད་གཞུང་ལ་ཡོད་པས། གཞང་བཙོང་མ་རྣམས་ལ་དགོས་ངེས་ཀྱི་སྨན་བཅོས་དང་ལྟ་རྟོག་བྱེད་དགོས་རིགས་རྣམས་ལ་མཐུན་སྦྱོར་བྱེད་དགོས་པ་དང་། ཁོང་ཚོ་ལ་སོ་སོའི་ཐོབ་ཐང་སྲུང་སྐྱོབ་ཀྱི་མཐུན་རྐྱེན་ཆ་ཚང་སྦྱོར་སྤྲོད་བྱེད་དགོས་ཟེར།

(Visited 1 times, 1 visits today)