ཚང་མས་མཁྱེན་གསལ་ལྟར་རྒྱ་ནག་ཝུ་ཧན་ནས་འབྱུང་བའི་ཏོག་དབྱིབས་ནད་འབུ་དེའི་རྐྱེན་པས་འཛམ་གླིང་ཡོངས་སུ་བརྡབ་གསིབ་ཧ་ཅང་ཆེན་པོ་ཐེབས་ཡོད་ལ། གནས་ཡུལ་རྒྱལ་ཁབ་ཁག་གིས་སོ་སོའི་འབངས་མིར་སྲུང་སྐྱབས་དང་དཔལ་འབྱོར་བརྟན་ལྷིང་གང་ཐུབ་ཡོང་པར་བྱེད་ཆེད། བཀོད་ཁྱབ་རིམ་བསྒྲགས་ཀྱིས་ཡུལ་མི་རྣམས་རང་རང་གི་སྡོད་གནས་སུ་སྡོད་དགོས་པ་ལས། ཕྱི་ལ་གང་བྱུང་འགྲོ་བསྐྱོད་མི་ཆོག་པ་རེད། ས་འགོད་སྡེ་ཚན་དང་འཕྲོད་བསྟེན་སྡེ་ཚན་སོགས་ས་གནས་སྟངས་ཀྱི་ཁྱབ་བསྒྲགས་དང་འཕྲོད་བསྟེན་ལྟ་སྐྱོང་ལ་འབྲེལ་བ་ཡོད་པས། དེ་དག་གི་ལས་བྱེད་ཚོས་མུ་འཐུད་ཕྱག་ལས་གནང་འཐུས་ཆོག་པ་ལས། དེ་མིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གང་ཐུབ་ནང་ལ་ཕྱག་ལས་གནང་དགོས་ཀྱི་བཀོད་ཁྱབ་རིམ་ཕེབས་ལྟར། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་ཀྱང་གོང་རིམ་ནས་ཕེབས་པའི་བཀོད་ཁྱབ་ཚུལ་བཞིན་དང་ལེན་ཞུས་ཐོག་ལས་བྱེད་རྣམས་པས་སོ་སོའི་འགན་འཁྲི་དང་འཆར་བགོས་ལྟར་ནང་ལ་ཕྱག་ལས་གནང་དང་གནང་མུས་ཡིན། གལ་སྲིད་བོད་མི་སུ་རུང་ལ་ཁྲིམས་དོན་གྱི་ཐད་བཀའ་འདྲི་གནང་དགོས་རིགས་བྱུང་ན། གཤམས་འོག་གི་ཁ་པར་ཨང་གྲངས་ཐོག་འབྲེལ་བ་རྣམས་རོགས་ཞུ་རྒྱུ་ཡིན།

ཚོགས་གཙོ་བློ་བཟང་གྲགས་པ། ༨༨༩༤༡༨༥༨༣༥

ཁྲིམས་རྩོད་པ་བསྟན་འཛིན་བདེ་ཆེན། ༨༨༠༠༦༨༣༡༩༣

ཁྲིམས་དོན་ལས་བྱེད་དབྱངས་ཅན་ཚེ་མཚོ། ༨༨༩༤༡༢༨༨༤༩

(Visited 2 times, 1 visits today)