ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༨ ཉིན་ཁྲིམས་རྩོད་པ་བསྟན་འཛིན་བདེ་ཆེན་ལགས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་སྤྱི་ཁྱབ་ཁྲིམས་རྩོད་པ་དང་དྲུང་ཆེ་ལས་ཚབ་གཅིག་ལྕོགས་སུ་བསྐོ་གཞག་བྱས་ཡོད་པ་རེད།

བསྟན་འཛིན་བདེ་ཆེན་ལགས་ནི་བོད་ཁྱིམ་ནས་སློབ་མཐར་ཕྱིན་ཡོད་པ་དང་། དེ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་གཙུག་ལག་སློབ་གྲྭ་ཆེན་པོར་རྩིས་ཀྱི་སྐོར་སློབ་སྦྱོང་བྱས་པ་དང་། དེའི་རྗེས་Faculty of Law ཁྲིམས་ལུགས་མཐོ་སློབ་ནས་ཁྲིམས་ལུགས་རབ་འབྱམས་པ་སློབ་མཐར་སོན། དེའི་རྗེས་རྒྱ་གར་ཁྲིམས་རྩོད་པའི་ཕྱག་འཁྱེར་ལེན་ནས་ལྡི་ལིར་གཏན་གཞི་བྱེད་པའི་ Human Rights Law Net Work ཞེས་པའི་ཁྲིམས་ལུགས་ཚོགས་པར་ཕྱག་ལས་གནང་ཡོད་པ་དང་། ཁོང་གིས་གཙོ་བོར་སྐྱབས་བཅོལ་ཐོབ་ཐང་དང་། བུད་མེད་ཀྱི་ཐོབ་ཐང་། བཙོན་པའི་ཐོབ་ཐང་དང་འཕྲོད་བསྟེན་ཐོབ་ཐང་སྐོར་སོགས་ཀྱི་ཐད་གཙོ་འགན་བཞེས་ཡོད།

 

 

(Visited 1 times, 1 visits today)