ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༢ ཉིན་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་དང་རྩིས་པ་བསོད་ནམས་བུ་ཁྲིད་གཉིས་དྷ་སའི་བོད་ཀྱི་ཐེབས་རྩའི་ལས་ཁུངས་སུ། ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་Mr.Joseph Wood ལགས་དང་ཚོགས་གཙོ་སྐུ་ངོ་བཀའ་ཟུར་བློ་བཟང་སྙན་གྲགས་ལགས། ཐེབས་རྩའི་དྷ་སའི་ལས་ཁུངས་ཀྱི་འགན་འཛིན་ Mr.Bob Ankerson བཅས་དང་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད། བོད་ཀྱི་ཐེབས་རྩ་ནི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་མཚོན་ན་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་དང་། གལ་སྲིད་ཐེབས་རྩའི་རྒྱབ་སྐྱོར་དང་རོགས་རམ་མེད་ན། ཁྲིམས་ལུགས་ཚོགས་པའི་ལས་ཁུངས་འཛུགས་དཀའ་བ་དང་། ད་བར་བོད་མི་ ༣༠༠ ལྷག་ལ་ཁྲིམས་དོན་དཀའ་ངལ་སེལ་ཐབས་བྲལ་ལ། བོད་མི་༣༠༠༠་ལྷག་ལ་ཁྲིམས་ལུགས་གོ་རྟོགས་ཀྱང་སྤེལ་ཐབས་བྲལ་པ་རེད། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་ཁོང་རྣམ་པར་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་ཀྱང་ཕུལ་ཡོད།

(Visited 1 times, 1 visits today)