ཕྱི་ལོ་༢༠༡༦ཟླ་༡༡ཚེས་༣ཉིན་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་བློ་བཟང་གྲགས་པ་གཙོས་ལས་བྱེད་ཡོངས་དང་ཚོགས་པའི་ཁང་གླའི་སྦྱིན་བདག་ལྕམ་མ་རེ་ས་(Ms.Mrrisa Burns)བཅས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་བའི་སྐལ་བཟང་གི་གོ་སྐབས་བྱུང་ཡོད་པ་དང་། ཉིན་འདི་ནི་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཆེས་བརྗེད་ཐབས་བྲལ་བ་དང་རྩ་ཆེ་བའི་ཉིན་མོ་ཞིག་ཡིན།ཚོགས་གཙོ་བློ་བཟང་གྲགས་པ་ལགས་ཀྱིས་༧གོང་ས་མཆོག་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་འདས་ཟིན་པའི་ལས་འགུལ་དང་མ་འོངས་པའི་འཆར་གཞི་སོགས་སྙན་གསན་ཞུས་ཡོད་པ་དང་། བོད་ཕྱི་ནང་དུ་བཞུགས་པའི་བོད་མི་སྐྱེ་བོ་གནམ་བསྟེན་མང་ཤས་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་ཞེན་ཞིང་བོད་མི་སྤྱི་སྒེར་ཚང་མར་ཁྲིམས་དོན་གྱི་དཀའ་ངལ་ཡོད་ལུགས་སོགས་ཞུས་ཡོད་པ་མ་ཟད། ལོ་འདིའི་ཟླ་༦པའི་ནང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནས་ལྷོ་ཕྱོགས་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ཏུ་ཁྲིམས་ལུགས་རྟོགས་ཞིབ་བྱས་ཡོད་པ་མ་ཟད། ས་གནས་ས་ཐོག་ཏུ་ཁྲིམས་ལུགས་ཀྱི་དཀའ་ངལ་ཇི་ལྟར་ཡོད་པ་དང་དེ་དག་སེལ་པར་བོད་མི་སྤྱི་སྒེར་ཚང་མས་ཐུགས་འགན་ཇི་ལྟར་བཞེས་དགོས་མིན་སོགས་ཀྱི་སྙན་ཐོ་ཞིག་ཀྱང་བཙན་བྱོལ་བོད་མིའི་མང་གཙོ་ཀ་བ་གསུམ་ལ་ཕུལ་ཡོད་པའི་སྐོར་སོགས་སྙན་གསན་ཞུས་པར་༧མགོན་པོ་༧གང་ཉིད་ཐུགས་དགྱེས་ཤིང་། ཁྲིམས་ལུགས་
དབང་འཛིན་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་བོད་མིའི་ཁྲོད་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་པར་ཤིན་ཏུ་གལ་འགངས་ཆེ་པོ་ཡིན་པ་སོགས་བཀའ་སློབ་ཕེབས་ཡོད་པ་མ་ཟད། བོད་མི་ཁྲིམས་ལུགས་རིག་པ་བ་རྣམས་ཀྱིས་ཅིས་ཀྱང་ཧུར་ཐག་འབད་བརྩོན་བྱེད་དགོས་པའི་བཀའ་སློབ་ཀྱང་ཕེབས་ཡོད། བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་ཁང་གླའི་སྦྱིན་བདག་ལྕམ་མ་རེ་ས་(Ms.Mrrisa Burns)ལ་ཡི་རངས་དང་བསྔགས་བརྗོད་བྱས་ཡོད་ལ། སྐབས་དེར་གཡས་གཡོན་ལ་བཞུགས་པའི་དགའ་ལྡན་ཕོ་བྲང་གི་ལས་ཀྱི་སྣེ་མོ་རྣམས་ལ་ཁྲིམས་ལུགས་དབང་འཛིན་ནི་ཤིན་ཏུ་ནས་གལ་ཆེ་བ་དང་། ཚོགས་པ་འདིའི་རིགས་ལ་རོགས་པ་བྱེད་པར་འོས་འཚམས་ཡིན་ལགས་ན། ཚོགས་པར་དཀའ་ངལ་ག་འདྲ་ཡོད་ནའང་རོགས་པ་དང་རྒྱབ་སྐྱོར་བྱས་དགོས་པའི་བཀའ་མངགས་ཀྱང་གནང་ཡོད་པ་རེད།

ཁྲིམས་ལུགས་དབང་འཛིན་ནི་མིའི་སྤྱི་ཚོགས་ཞི་བདེ་དང་བདེ་འཇགས་བསྐྲུན་པ། མི་མང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱབས་བྱེད་པར་ཤིན་ཏུ་གལ་འགངས་ཆེ་བས། བོད་མི་རྣམས་ཀྱིས་ཅིས་ཀྱང་ཁྲིམས་ལུགས་ལ་དོ་སྣང་དང་ཁྲིམས་ལུགས་དབང་འཛིན་ལ་ཆེ་མཐོང་དགོས་པར་ཤིན་ཏུ་ནས་གལ་ཆེ།

 

 

(Visited 60 times, 1 visits today)