བོད་མིའི་ཁྲིམས་ལུགས་རིག་པ་བའི་ལས་ཁུངས་དངོས་སུ་དྷ་རམ་ས་རུ་འགོ་འཛུགས་ནས་ཟླ་བ་བཅུ་ཙམ་ལས་མ་སོང་ནའང་། ཚོགས་པའི་ལས་བྱེད་ཡོངས་ཀྱི་བོད་མིའི་ཁྲིམས་དོན་དཀའ་ངལ་སེལ་པར་འབད་བརྩོན་ལྷོད་མེད་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་བོད་ཕྱི་ནང་གི་བོད་མི་མང་པོས་མཁྱེན་རྟོགས་བྱུང་ཡོད་པ་མ་ཟད།

བོད་དོན་ལ་ཤ་ཚ་དང་ཞེན་ཁོག་ཡོད་པའི་ཕྱི་རྒྱལ་བ་མང་པོས་ཀྱང་དོ་སྣང་དང་ཐུགས་ཁུར་བྱེད་ཀྱིན་ཡོད་པ་རེད།

ཕྱི་ལོ་༢༠༡༦ཟླ་༡༢ཚེས་༢ཉིན་ཨ་རིའི་མཁས་དབང་ཏཱ་མ་ར་རི་ལིས་སི་(Dr.Tamara Relis)ལགས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་ཕེབས་ཡོད་པ་དང་། ཁོང་ནི་ཨ་རིའི་ཕྱིར་བསྐྱོད་ཁྲིམས་ལུགས་ཀྱི་ཁྲིམས་རྩོད་པ་ཡིན་པ་དང་། ཁོང་གིས་ད་བར་ཨ་རིར་གནས་སྤོ་མི་དམངས་མང་པོར་ཁྲིམས་རྩོད་ཀྱི་རོགས་པ་བྱས་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་རྩོད་རྙོག་གདུམ་སྒྲིལ་སྐོར་གྱི་ཕྱག་དེབ་གང་མང་བརྩམས་ཡོད་པ་མ་ཟད། ཁོང་གི་དེབ་ཕྲེང་ཁ་ཤས་ལ་རྒྱལ་སྤྱིའི་ཕྱག་དེབ་རྩེ་གྲས་ཀྱི་བྱ་དགའ་ཡང་ཐོབ་ཡོད་པ་རེད་འདུག

ཁོང་ནི་དབྱིན་ལེན(England)མཐོ་སློབ་ཀྱི་ཁྲིམས་ལུགས་དང་དཔལ་འབྱོར་གྱི་སློབ་དཔོན་དང་མཁས་དབང་ཡིན་པ་དང་། ཨ་རི་དང་དབྱིན་ལེན།ཁེ་ན་ཊ་སོགས་རྒྱལ་ཁབ་གསུམ་གྱི་མི་

ཁོང་ནི་ནང་པ་ཞིག་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་ཆེས་ཆེ་ལྡན་པའི་མཁས་དབང་ཞིག་ཡིན་པ་མ་ཚད། བོད་ཀྱི་ནང་ཆོས་དང་རིག་གཞུང་གིས་འཛམ་གླིང་ཞི་བདེ་ཡོང་པར་ཕན་རླབས་བསྒྲུབ་ཐུབ་པར་ཡིད་ཆེས་དང་རེ་བ་ཡོད་མཁན་ཞིག་རེད།འདས་པའི་ལོ་ཤས་རིང་ཁོང་གི་བོད་ཀྱི་སྤྱི་ཚོགས་ཁྲོད་སྲོལ་རྒྱུན་གྱི་ཐབས་ལམ་ཐོག་རྩོད་རྙོད་གདུམ་སྒྲིལ་བྱེད་སྟངས་དང་ནང་ཆོས་ཀྱི་ལྟ་གྲུབ་དང་བགས་ཆགས་དབང་གིས་རྩོད་རྙོད་ཞི་འཇམ་བྱེད་པའི་སྲོལ་བཟང་ལ་ཞིབ་འཇུག་བྱེད་ཡོད་པ་དང་།ལས་གཞི་དེ་ད་དུང་ཡང་འགྲོ་དང་འགྲོ་མུས་ཡིན་པ་ཞིག་རེད་འདུག

ད་ཐེངས་ཁོང་བོད་མིའི་ཁྲིམས་ལུགས་ཚོགས་པའི་ལས་ཁུངས་སུ་ཡོང་དོན་ནི།གཙོ་བོར་ཁོང་དང་ཁྲིམས་ལུགས་ཚོགས་པ་གཉིས་མཉམ་འབྲེལ་གྱིས་ལས་འཆར་དེ་ཉིད་སྒྲུབ་དོན་དེ་རེད།བོད་མིའི་ཁྲིམས་ལུགས་རིག་_dsc1704པའི་ཚོགས་པ་ནི་ཁྲིམས་དོན་དཀའ་ངལ་སེལ་པར་འབད་བརྩོན་བྱེད་མཁན་ཞིག་ཡིན་པ་དང་།ཁོང་གི་ལས་འཆར་དེ་དང་འབྲེལ་བའང་ཆགས་ཀྱི་ཡོད་པ་མ་ཟད།ཁོང་གི་ལས་འཆར་དེ་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་དོན་བཞིན་འཛམ་གླིང་ཞི་བདེ་བསྐྲུན་པར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན་ལགས་ན།བོད་མིའི་ཁྲིམས་ལུགས་ཚོགས་པ་ངོས་ནས་ཁོང་དང་མཉམ་འབྲེལ་བྱེད་རྒྱུར་འདོད་པ་ཡོད་པ་རེད།

(Visited 33 times, 1 visits today)