མི་རིགས་ལྔ་ཅུ་ང་དྲུག་གི་རྒྱུན་ཆད་མེད་པའི་འབྲེལ་འདྲིས་ལས་ཀྲུང་ཧྭ་མི་རིགས་ཞེས་མི་རིགས་སྣ་མང་གིས་གྲུབ་ཅིང་ཕུང་བོ་གཅིག་ཏུ་འདུས་བའི་རྣམ་པ་འདི་བྱུང་།ཀྲུང་ཧྭ་དཔལ་ཡོན་གྱི་དུས་ཡུན་དང་བཞུར་རྒྱུན་རིང་བ་མ་ཟད་དེ་ནི་འཛམ་གླིང་སྟེང་བར་ཆད་བྱུང་མ་མྱོང་ཞིང་དུས་ད་ལྟ་བར་དུ་དར་བའི་དཔལ་ཡོན་ཞིག་ཡིན། རང་རེའི་རྒྱལ་ཁབ་ནི་མི་རིགས་མང་པོ་གཅིག་གྱུར་གྱིས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་པས་རིག་གནས་སྣ་མང་མཉམ་གནས་དང་སྐད་ཡིག་ཐོན་ཁུངས་ཕུན་སུམ་ཚོགས་པ་མངའ།ཀྲུང་ཀོའི་རིགས་སོ་སོའི་མི་རིགས་ལ་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་རང་དབང་དང་ཐོབ་ཐང་ཡོད།

དུས་རབས་སྔོན་མའི་ལོ་རབས་ལྔ་ཅུའི་ནང་རྒྱལ་ཁབ་ཀྱིས་མི་སྣ་བཀོད་སྒྲིག་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གནས་སྟངས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཤིང་། མི་རིགས་སྐད་ཡིག་ལས་དོན་ལས་ཁུངས་དང་ཞིབ་འཇུག་ལས་ཁུངས་ཆེད་དུ་བཙུགས་ནས་མི་རིགས་སྐད་ཡིག་གི་ཆེད་ལས་མི་སྣ་བསྐྱེད་བསྲིང་བྱས་ཏེ་གྲངས་ཉུང་མི་རིགས་ལ་སྐད་ཡིག་མེད་པ་གསར་གཏོད་དང་ཡོད་པ་ལེགས་བཅོས་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལས་དོན་ཐམས་ཅད་ནང་བཀོལ་སྤྱོད་བྱེད་ཐུབ་པར་སྐུལ་འདེད་བྱས།

ཀྲུང་གོའི་རིགས་སོ་སོའི་མི་རིགས་ཀྱི་སྤྱི་དམངས་ཀྱིས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་སྤྱི་དམངས་འདྲ་མཉམ་ལ་སོགས་པའི་ཐོབ་ཐང་ཐམས་ཅད་ལོངས་སུ་སྤྱོད་ཆོག་པ་དང་།དཔེར་ན།རིགས་སོ་སོའི་སྤྱི་དམངས་ལ་མི་རིགས་དང་རིགས་རྒྱུད་དང་ཆོས་ལུགས་དད་མོས་སོགས་ལ་མ་བལྟས་པར་གདམ་བསྐོ་དང་འདེམས་ཡུལ་དུ་གྱུར་བའི་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པ་དང་།མི་རིགས་སོ་སོའི་སྤྱི་དམངས་ཀྱི་མི་ལུས་རང་དབང་དང་མིའི་ངོ་བོ་ཉིད་ཀྱི་ཆེ་མཐོང་ལ་གནོད་གཙེ་བྱས་མི་ཆོག་ཅིང་།མི་རིགས་སོ་སོའི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་ཐོབ་ཐང་དང་།མི་རིགས་སོ་སོའི་སྤྱི་དམངས་ལ་སློབ་གསོ་ཐོབ་པའི་ཐོབ་ཐང་།མི་རིགས་སོ་སོའི་སྤྱི་དམངས་ལ་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་གྱི་ཐོབ་ཐང་།མི་རིགས་སོ་སོའི་སྤྱི་དམངས་ལ་སྨྲ་བརྗོད་དང་དཔར་བསྐྲུན་དང་འདུ་འཛོམས་དང་ཚོགས་པ་འཛུགས་ཞུགས་དང་ཁྲོམས་སྐོར་དང་རྔམ་སྟོན་བཅས་ཀྱི་ཐོབ་ཐང་དང་རང་དབང་བཅས་ཡོད་པ་མ་ཟད།མི་རིགས་སོ་སོའི་སྤྱི་དམངས་ལ་ཚན་རིག་ཞིབ་འཇུག་དང་རྩོམ་རིག་སྒྱུ་རྩལ་གསར་གཏོད་སོགས་ཀྱི་རིག་གནས་བྱ་འགུལ་དོན་གཉེར་གྱི་ཐོབ་ཐང་།མི་རིགས་སོ་སོའི་སྤྱི་དམངས་ལ་ངལ་རྩོལ་དང་ངལ་གསོ།ངལ་རྩོལ་གྱི་ནུས་པ་ཉམས་ན་རྒྱལ་ཁབ་དང་སྤྱི་ཚོགས་སུ་དངོས་རྫས་ཀྱི་རོགས་སྐྱོར་ཐོབ་པའི་ཐོབ་ཐང་།མི་རིགས་སོ་སོའི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་ལས་ཁུངས་དང་གཞུང་གི་ལས་བྱེད་པར་སྐྱོན་བརྗོད་དང་བསམ་འཆར་འདོན་པའི་ཐོབ་ཐང་།མི་རིགས་སོ་སོའི་སྤྱི་དམངས་ལ་རང་གི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་ལེགས་བཅོས་ཀྱི་རང་དབང་དང་ཐོབ་ཐང་བཅས་ཀྱང་ཡོད་པ་ལྟ་བུའོ།

རྩོམ་པ་པོ། མན་ཇུ་མི་རིགས་ཀྱི་བུ་མོ་ཞིག་གི་དྲ་རྩོམ་ལས་བཏུས།

(Visited 1 times, 1 visits today)