བོད་མིའི་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་རོགས་སྐྱོར།

ཁྲིམས་ལུགས་རིག་པ་བའི་ཁྲིམས་རྩོད་པ་གྲས་པ་རྣམ་རྒྱལ་ཚེ་སྐྱིད་ཁྲིམས་ཞིབ་ཁང་དུ་ལོ་ངོ་༡༢ ཙམ་ཞབས་འདེགས་ཞུས་པའི་ཉམ་མྱོང་གིས་ཁྲིམས་ཞིབ་ཁང་དུ་ཞུ་གཏུསག་རིགས་ཡོངས་སུ་ཁོ་མོས་འགམ་འཁུར་གྱིས་རམ་འདེགས་ཞུའི་ཡོད། དེ་སྔོན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་འོས་བསྡུ་དང་འབྲེལ་བའི་ཞུ་གཏུག་དང་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་སྲོག་བཤོད་བརྟན་བཞུགས་དཔེ་དེབ་དང་འབྲེལ་བའི་མིང་ཤས་ཀྱི་ཞུ་གཏུགས་དང་ལྷོ་ཕྱཔགས་ས་གནས་ཁྲིམས་ཞིབ་ཁང་དུ་གཟའ་ཚང་ཁ་བྲལ་གྱི་ཞུ་གཏུགས་བཅས་ལ་རམ་འདེགས་ཞུས་ཡོད་པ་མ་ཟད་།

ཀ) ༢༠༡༧།༣།༡༢  སྤྱི་མང་གཏུག་བཤེར་དོན་ཚན་ ༥༢  དང་ ༥༤  འོག་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གོང་ཞུ།

ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་  ༥ ཕྱི་ལོ་ ༢༠༡༦།༡༡།༡༧ འཁོད་བཅད་ཁྲ་ལ་གྱོད་ཡ་རྩོད་ལན་པ་འདོད་པ་མ་ཁེངས་བར་བརྟེན་ཐེངས་གཉེས་གོང་ཞུ་བྱས་ཟིན་པར་ཁྲིམས་ཡིག་ཆ་རྐྱེན་དགོངས་དོན་མ་བྱུང་པར་ཕྱིར་སློག་བྱས་ཟིན་པ་དང་། ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་དོན་གསལ་འདོན་གྱིས་གཞི་རྩ་བཟུང་བའི་ཐོག་གོང་ཞུ་ཟིན་བྲིས་བཟོ་འགོད་ཞུས་པའི་ནང་། གྱོད་ཡ་ཕན་ཚུན་གཟའ་ཚང་ཁ་གྱེས་ཟིན་རྗེས། ཞུ་སྦྱོར་བ་/སྐྱེ་སྨན་པད་མ་དེ་སྔ་ཕྱི་ལོ་  ༢༠༡༤ དང་   ༢༠༡༥ ལོར་ཨུ་ཀྲི་རུ་ཁྱོ་ཁ་/རྩོད་ལན་པའི་མཉམ་རོགས་སུ་ཚོང་བརྒྱབ་ཏུ་སླེབས་པ་དང་ཨུ་ཊི་རུ་ཚོང་གི་ཁེ་སང་གཏན་འབེབས་བརྒྱ་ཆ་ ༦༠  ནས་འགྲོ་སོང་ཕུད་ གཙང་ཁེ་ཧིན་སྒོར་འབུམ་ བཅུ་གཅིག་དང་ཁྲི་ལྔ་བྱུང་བ་ཆ་བགོད་དང་སྐྱེས་སྨན་ཕྱོགས་ནས་ཁྱོ་ག་ལ་གཟི་སྙན་པར་སྤྲད་པ་དེ་སློག་སྤྲོད་དགོས་པའི་ཞུ་གཏུག་ལ་ས་གནས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་ལ་གོང་ཞུ་ཐབས་ཤེས་ཐེངས་གསུམ་པ་བྱས་པ་དེ་ངོས་ལེན་མ་གནང་བར་ཕྱོར་སློག་བྱུང་། གལ་ཏེ་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་གོང་ཞུ་དང་ཐོག་ནས་བཟོ་འབུལ་བྱུང་ཡོད་ཚེ་གོང་ཞུ་དེ་ངོས་ལེན་བྱུང་ཡོད་སྨོས།

ཁ]  ༢༠༡༧།༧།༢༨    སྡེ་ར་དྷུན་ས་གནས་འགོ་འཛིན་དང་སྤྱི་མི་རྒྱ་དཔོན།  ས་ཁང་ཚོགས་མི་བཅས་མི་  ༡༣ ཁ་གཏད་དུ་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས།

 བདེ་སྐྱིད་གླིང་གཞིས་ཆགས་སུ་གཞིས་མི་ཞུ་སྦྱོར་བ་འཇམས་དབྱངས་རྒྱ་མཚོ་་ནས་ཁོ་བའི་ཚོང་ཁང་ཉམས་གསོ་བྱས་ཏེ་ཐོག་ཁང་ཉིས་ཐོག་ཞིག་རྩེགས་སྐབས་ཚོང་ཁང་གི་ཆར་ཡིབ་(chajja།Sun Shade)དེ་ཕི་ཀྲི་གཅིག་ཙམ་གྱིས་ཚད་གཞི་ལས་རྒལ་ཏེ་སྤྱི་ལམ་སྟེང་འཁྱེལ་བ་མ་ཟད་གཞིས་མི་ཀུན་གྱི་མཐོང་སྣང་མི་མཛེས་པར་བརྟེན་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་གིས་གིས་ ༢༠༡༧།༧།༡༡ ཉིན་ ༢༠༡༧།༧།༡༧

འགྱངས་མེད་ཕི་ཀྲི་གཅིག་གཤིགས་དགོས་པའི་ཐག་གཅོད་གནང་བ་ལ་ཞུ་སྦྱོར་བར་གྱོང་གུན་ཕོགས་སོང་སྙམ་ཏེ་ས་གནས་ཁྲིམས་ཞིབ་ཁང་དུ་ད་ཡོད་ཆར་ཡིབ་དེ་ཡང་དེ་སྔ་ནས་ཡོད་པའི་ཚད་གཞི་དེ་རང་ཐོག་བཟོ་དབྱིབས་མ་འདྲ་བའི་ཐོག་ནས་གསར་སྐྲུན་བྱས་པ་ཞིག་ཡིན་པར་བརྟེན་ཧམ་བཟོས་རྒྱ་བསྐྱེད་མིན་སྐོར་དང་།  མིག་གི་མཐོང་སྣང་དུ་ཆར་ཡིབ་དེ་ཕི་ཀྲི་གཅིག་གིས་སྤྱི་ལམ་གྱི་ཁ་སྟེང་ནས་འདོན་པ་ལྟ་བུ་མ་གཏོགས་སྤྱི་སའི་འགྲོ་ལམ་ཐོག་དོ་ཕོག་རྩ་བ་ནས་འགྲོའི་མེད།  ས་ཁང་སྒྲིག་གཞི་དོན་ཚན་ ༡༢ (༢)དགོངས་དོན་ས་མཚམས་ལས་བརྒལ་ཏེ་སྤྱིའི་འགྲོ་ལམ་ལ་གནོད་སྐྱོན་མེད་ཚེ་བྱ་སྤྱོད་གང་དེས་དོན་ཚན་༡༢ དང་མི་བརྒལ་བ་མ་ཟད་དེ་སྔོན་ས་གནས་འགོ་འཛིན་མཆོག་གིས་ཁང་པའི་ས་མཚམས་དང་སྒང་གི་ཆར་འཡེབ་གཉིས་ཀར་ཞིབ་འཇུག་གིས་འགྲིགས་མཐུན་ཡིན་པར་ཐག་གཅོད་གནང་ཟིན་པ་ཞིག་ལ་ད་ཆ་གཞིས་མི་ཀུན་གྱི་མཐོང་སྣང་མཛེས་མི་མཛེས་ཀྱི་གཞི་རྩ་བཟུང་བའི་ཐོག་ཐག་གཅོད་གནང་བ་དེ་ཁྲིམས་མཐུན་མིན་པ་མ་ཟད།   ས་ཁང་ཞིབ་འཇུག་ཚོགས་ཆུང་གི་ཐག་གཅོད་གནང་རྗེས་དོ་བདག་ནས་ཁྲིམས་ཞིབ་ཁང་དུ་བདེ་སྡུག་སྐྱབས་འཇུག་ཞུས་པར་བརྟེན། ཞུ་སྦྱོར་བ་བོད་མི་ཞིག་ལ་ཁྲིམས་ཐོག་ནས་ཞུ་གཏུགས་བྱ་རྒྱུའི་ཐོབ་ཐང་ལོངས་སུ་སྤྱོད་པའི་རྐྱེནགྱིས་། ཁ་མཆུ་ཞུ་གཏུགས་བྱ་རྒྱུའི་གནད་དོན་དེ་རང་རྐྱེན་རྩ་རུ་བཟུང་ཏེ་༢༠༡༧།༧།༡༧ འཁོད་ས་གནས་འགོ་འཛིན་མིང་ཐོག་ནས་ཨར་ལས་འཛུགས་སྐྲུན་ལས་ཀ་གང་ཚང་བར་མཚམས་འཇོག་དགོས་པའི་བཀའ་ཁྱབ་ཐེངས་གཉིས་པ་བཏང་བ་དེ་ཁྲིམས་འགལ་ཡིན་སྐོར་སྐྱོན་འཛུགས་ཀྱིས་ཞུས་གཏུགས་བྱས་པ་བཅས་ལ་ཞུ་རྩ་དང་ཡིག་ཆ་གོ་སྒྲིག་གི་རམ་འདེགས་ཞུས།  ས་ཁང་དང་འབྲེལ་བའི་གནས་ཚུལ་ཐད་ས་ཁང་ཚོགས་གཙོ་ངོས་ནས་བཀའ་ཁྱབ་བཏང་ཡོད་ཚེ་ཆར་ཡིབ་(chajja)དེ་ཁོ་ནའི་ཐོག་བཀའ་ཁྱབ་གཏོང་དགོས་པ་ལས་ཨར་ལས་གང་ཚང་ལ་བཀག་འགོག་གི་བཀའ་ཁྱབ་བཏང་བ་དེ་རན་མཚམས་མིན་བཅས་ཞུས་ཡོད།

ཡང་། ཁ་མཆུ་དེའི་ནང་དོན་དང་འབྲེལ་བ་མེད་ཀྱང་ས་གནས་འག་འཛིན་ནས་ད་ལྟའི་ཁ་མཆུ་དེའི་ཐོག་ས་གནས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་མ་བྱུང་བར་བདེ་སྐྱིད་གླིང་གཞིས་ཆགས་ནང་ཨར་ལས་འཛུགས་སྐྲུན་བྱེད་བཞིན་པ་ཡོངས་རྫོགས་མཚམས་འཇོགས་དགོས་པའི་ངག་ཐོག་བཀའ་ཁྱབ་ཞིག་སྤེལ་བའི་གནོད་ཤུགས་ཀྱིས་ཞུ་སྦྱོར་བར་སེམས་བློ་བདེ་མིན་གྱིས་རང་ཉིད་ཀྱི་ཞུ་གཏུགས་དེ་བཞིན་ཨར་ལས་མཚམས་འཇོག་རྐྱེན་གྱོང་གུན་ཕོགས་པ་དེ་ནར་འགྱངས་མི་ཡོང་བ་ཆེད་དང་བྱེ་བྲག་ཏུ་མི་མང་ཁེ་ཕན་སྲུང་སྐྱོབ་ཆེད་ཁ་མཆུ་ཞུ་གཏུགས་དེ་རང་མོས་དང་བླངས་ཀྱི་༢༠༡༧།༨།༢༣ ཉིན་ཕྱིར་འཐེན་ཞུས་པ་དང་ས་གནས་ཁྲིམས་ཞིབ་ཁང་ནས་༢༠༡༧།༨།༢༥ ཉིན་ཕྱིར་འཐེན་ཆོག་པའི་བཀའ་འཁྲོལ་གནང་།

༣། སྐྱབས་བཅོལ་ལག་དེབ་མེད་པའི་རྒྱ་གར་ནས་ཕྱིར་འབུད་ཀྱི་ཁ་མཆུ། ༢༠༡༥ ནས་༢༠༡༧ བར།

ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ནས་སྡེ་ར་དྷུན་ས་གནས་བྱིུས་པའི་ཁྲིམས་ཁང་དུ་བསྡོམས་ཐེངས་བཅུ་ཕྱོགས་བསྐྱོད་བྱས་པ་དང་། རྒྱ་གར་ནང་སྲིད་ལས་ཁུངས་སུ་ཐེངས་གཅིག་བཅར་ནས་མཐར་བོད་ཕྲུག་ཞིག་ལ་རྒྱ་གར་དུ་གནས་སྡོད་ཆོག་པའི་ཆོག་མཆན་ཞུ་ཐོབ་བྱུང་ཡོད།

ཁ་མཆུའི་རྒྱབ་སྦྱོང། བལ་ཡུལ་ནང་སྐྱེས་པའི་བོད་ཕྲུག་བོད་ཁྱིམ་སེ་ལ་ཁུལ་སློབ་གྲ་རུ་འཛིན་རིམ་བཅུ་གཉིས་བྱེད་བཞྀན་པའི་སྐབས་རྒྱ་གར་ཕྱི་རྒྱལ་བ་དེབ་སྐྱེལ་ལས་ཁུངས་སུ་སྐྱབས་བཅོལ་ལག་དེབ་བཟོ་ཆེད་སྐྱེས་ཚེ་ལག་འཁྱེར་རྫུན་བཙོ་བྱས་པ་ཞིག་བེད་སྤྱོད་བཏང་སྐབས་ཉེན་རྟོག་ལས་ཁུགས་ཀྱིས་རྟོགས་ཞིབ་ཀྱིས་བྱིས་པའི་བདག་གཉེར་ཁང་དུ་ཉིན་གྲངས་ ༤༥ བཀག་ཉར་བྱས་རྗེས། བོད་མིི་སྒྲིག་འཛུགས་དང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་བདེ་སྡུག་ཞུ་བར་བཅར།

༢༠༡༧།༨།༢༣ ཉིན་བྱསི་པའི་ཁྲིམས་ཁང་ནས་སྐྱེས་ཚེ་ལག་འཁྱེར་རྫུན་བཟོས་བྱ་པའི་ཁུངས་སྐྱེལ་མ་ཐུབ་པར་ར་སྤྲོད་དང་རྫུན་བཟོས་ཡིག་ཆ་བདེ་སྤྱོད་བྱས་པར་ནག་ཉེས་ར་སྤྱོད་བྱུང་དང་སྦྲགས་རྒྱ་གར་ཕྱི་རྒྱལ་ཁྲིམས་ལུགས་དོན་ཚན་ ༡༤ དང་འགལ་བའི་ཉེས་པར་ད་དངུ་ཉིན་གྲངས་ ༤༥ བཀག་ཉར་དང་དདུས་ཚོད་དེའི་རིང་་རྒྱ་གར་ནང་སྲིད་ལས་ཁུངས་དང་ས་གནས་ཕྱི་རྒྱལ་དེབ་སྐྱེལ་ལས་ཁུངས་བཅས་སུ་སྐྱབས་བཅོལ་ལག་དེབ་ཞུ་ཐོབ་ཟིན་པ་དགོས་རྒྱུ། དེ་མིན་བལ་ཡུལ་དུ་ཕྱིར་འབུད་བྱ་རྒྱུ་བཅས་ཀྱི་ཐག་གཅོད་གནང་།

ཡང་བཅད་ཁྲའི་དོན་ཚན་ ༧༧ ནང་གསལ།

རྩོད་ལན་པའི་ཕྱོགས་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ལུང་འདྲེན་གྱིས་བོད་ཕྲུག་དེར་རྒྱ་གར་ནང་གནས་སྡོད་ཆོག་པའི་ཆཽག་མཆན་བཀའ་ཁྱབ་ཡོང་ཞུ་སོང་ན། སྐྱབས་བཅོལ་ངོས་འཛིན་བྱ་རྒྱུ་དང་སྐྱབས་བཅོལ་ལག་དེབ་སྤྱོད་རྒྱུ་ནི་རྒྱ་གར་གཞུང་གི་སྲིད་བྱུད་དང་འབྲེལ་བ་ཆགས་པ་དང་དེ་དག་གི་དབང་ཆ་རྒྱ་གར་དབུས་གཞུང་དང་ས་གནས་ཕྱི་རྒྱལ་བ་དེབ་སྐྱེལ་ལས་ཁུངས་ལ་ཡོད་པ་ལ་མགཏོགས་བྱིས་པའི་ཁྲིམས་ཁང་འདིའི་ཁྲིམས་ཁོངས་ཁྱབ་ཚད་ནང་མེད།

རྩ་བའི་ཁ་མཆུའི་རྩ་དོན་ཡག་ཆ་རྫུན་བཟོ་བྱས་པ་ཁུངས་སྐྱེལ་མ་ཐུབ་པ་དང་ཡག་ཆ་བེད་ལོག་བྱས་པ་དང་སྐྱབས་བཅོལ་ལག་དེབ་མེད་པའི་རྐྱེན་ཁྲིམས་དང་འགལ་འཛོལ་བྱུང་བ་ངོས་འཛིན་གྱི་ཐག་གཅོད་བྱུང་ཡང་བྱིས་པའི་དམིགས་བསལ་ཁྲིམས་ཁང་དུ་གོང་ཞུ་བྱས་པའི་གྲུབ་འབྲས་སུ་ཁ་མཆུ་འགོ་རྒྱབ་པ་དང་སྐྱབས་བཅོལ་ལག་དེབ་བཟོ་ཆེད་ཟླ་གཉིས་གྱི་དུས་ཚོད་འཕར་མ་གནང་བ་མ་ཟད་བཅད་ཁྲའི་དགོངས་དོན་ཚིག་སྒྲུབ་བསྒྱུར་བཅོས་གནང་དེ་རྒྱ་གར་ནང་སྲིད་ལས་ཁུངས་དང་ས་གནས་ཕྱི་རྒྱལ་དེབ་སྐྱེལ་ལས་ཁུངས་ནས་ཟླ་བ་གཉིས་ནང་ཚུད་ཐག་གཅོད་གནང་དགོས་པའི་གོ་བ་ལེན་ཐུབ།

ཁ་མཆུའི་བཅད་ཁྲ་རྒྱ་གར་ཧིན་དྷི་སྐད་ཡིག་ནང་ཡོད་པ་དེའི་ནང་གལ་ཅེ་དོན་ཚན་ཁག་ཟུར་འདོན་གྱིས་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ཕྲལ་དུ་རྒྱ་གར་ནང་སྲིད་ལས་ཁུངས་སུ་བཅར་ཆེད་ལྡི་ལི་དོན་གཅོད་ཁང་དུ་ཐོག་མ་བཅར་ཏེ་བཅད་ཁྲའི་ནང་དོན་སྙན་སེང་དང་སྦྲགས་རྒྱ་གར་ནང་སྲིད་ལས་ཁུངས་སུ་ ༢༠༡༧།༨།༣༠ འཁོད་རྫ་དྲག་གི་སྙན་ཞུ་བསྐྱར་མ་ཞིག་དྲ་འཕྲིན་ཐོག་དོན་གཅོད་ནས་ཕུལ་བ་དང་དེ་རྗེས་ཟླ་ ༡༠ ཚེས་ ༡༣ ཉིན་དོན་གཅོད་ཀྱི་དྲུང་ཆེ་ཚེ་དབང་རྒྱལ་པོ་ངོ་བཅར་ཐོག་ཡིག་ངག་གཉིད་བདེ་སྡུག་ཞུས་སྐབས་གནསཚུལ་དེ་རིགས་ལ་མ་བདེ་བ་ཡོད་ཀྱང་རིང་མིན་བཀའ་འཁྲོལ་ཡོང་རྒྱུ་ཞེས་སེམས་བཟོ་གནང་།

འོན་ཀྱང་ད་དུང་བཀའ་འཁྲོལ་ལག་ཏུ་མ་འབྱོར་བར་བརྟེན་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་རྒྱ་གར་ནང་སྲིད་དུ་ཐད་ཀར་བཅར་དེ་འབྲེལ་ཡོད་ལས་བྱེད་དང་ངོ་ཐུག་སྐབས་དེ་སྔ་ནས་༢༠༡༧།༨།༢༣ གྱི་བཅད་ཁྲ་མ་གཏོང་གོང་རྒྱ་གར་ནང་སྲིད་ལས་ཁུངས་ནས་ ༢༠༡༧།༦།༡༤ འཁོད་བཀའ་འཁྲོལ་བཏང་ཟིན་སྐོར་ཤེས་རྟོགས་དང་སྦྲགས་ ༢༠༡༧།༡༠།༥ འཁོད་བཀའ་འཁྲོལ་འཕར་མ་ཞིག་གི་ངོ་བཤུས་གནང་བ་དང་ངོ་མ་སྦྲགས་བརྒྱུད་བཏང་།

ས་གནས་ཕྱི་རྒྱལ་དེབ་སྐྱེལ་ལས་ཁུངས་ངོས་ནས་གོ་བརྡ་མ་འཕྲོད་པར་ཀློག་གླད་བརྒྱུད་སྙན་ཞུ་དེ་ཕྱིར་འཐེན་ཟེར་བ་དེས་རྐྱེན་བོད་ཕྲུག་དེར་ཁྲིམས་ཐོག་ནས་གྱོང་གུན་ཆེན་པོ་ཕོག་ཡོད།

ཐེངས་འདིའི་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་བཀའ་འཁྲོལ་ནང་།

“ དེ་རིང་བསྐྱར་དུ་དོ་བདག་བསྟན་འཛིན་xxxxxx་ལ་རྒྱ་གར་གནས་སྡོད་ཆོག་པའི་ཆོག་མཆན་ཞུ་སྤྲོད་ཀྱི་ལས་རིམ་གང་འོས་ལག་བསྟར་ནང་སྲིད་ལས་ཁུངས་སུ་སྙན་སེང་དང་སྦྲགས་བྱེད་འགོ་བཙུགས་དགོས་པའི་འབོད་སྐུལ་ཞུའི་ཡོད། “

མདོར་ན།  བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་གཉིས་མཉམ་རུབ་ཀྱིས་ཁ་མཆུ་འདིའི་གནས་དོན་གསལ་ཐུབ་པ་བྱུང་ཡོད།

༡།༤   ༢༠༡༥།༡༠།༣༡  རྡ་རམ་ས་ལར་མཆོག་ལྡན་ཟེར་བའི་བོད་མི་ཞིག་ལ་རྒྱ་གར་བས་མི་གསོད་ཁྲག་གཅོད་ཀྱི་ཁ་མཆུ།

བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་རེ་སྐུལ་ཞུ་དོན་ལྟར། ཁྲིམས་ལུགས་རིག་པ་བའི་ཁྲིམས་རྩོད་པ་ཀུན་བཟང་སྟོབས་ལྡན་ལགས་ཀྱི་འགན་འཁྲིད་འོག་ཁ་མཆུ་ཨང ༢༠༡༥།༦༠ ནང་ཉེས་འཛུགས་པ་ཀེ་ལ་ཤ་ཀུ་མར་ལ་མི་གསོད་ཁྲག་གཅོད་ཀྱི་ཁ་མཆུ་ཞུ་གཏུགས་་ཀྱི་ཉན་ཞིབ་ལ་བཅར་དེ་མཐུན་འགྱུར་དང་མཇུག་སྐྱོང་བྱེད་བཞིན་ཡོད། Additional session Court, Dharamsala, State of HP V kailash Kumar FIR No: 60/2015.

༡།༥   ༢༠༡༦།༡༢།༣༡ ས་གནས་ཁྲིམས་ཁང་གི་བོད་མི་༦ ལ་ཉེན་རྟོགས་ལས་ལས་དོན་སྐབས་ཉེས་རྡུང་དང་བཀག་སྐྱིལ།

སྟོབས་ལྡན་ལགས་ཀྱི་འགན་འཁྲིད་ཐོག་བོད་མི་བསྟན་འཛིན་ཁཽག་མིན་དང་བཀྲ་ཤིས་དོན་གྲུབ། བསྟན་འཛིན་མཐར་པ་བཅས་ལ་ནག་ཉེས་ར་སྤྲོད་ཀྱིས་མང་ཚོགས་ལ་བརྡ་གཟིགས་དང་ rioting དང་ཉེན་རྟོགས་ོ་གཞུང་འབྲེལ་ལས་དོན་བྱེད་བཞིན་པའི་སྐབས་སུ་བཀག་འགོག་བྱས་པའི་ཉེས་ཆད་དུ་ལོ་གསུམ་དང་ཟླ་བ་གསུམ་བཙོན་འཇུག་གས་ཐག་གཅོད་གནང་བ་ལ་ས་གནས་ཛོང་གི་ཁྲིམས་ཁང་དུ་གོང་ཞུ་བྱ་རིམ་བསྐྱོད་བཞིན་པ་དང་། ༢༠༡༧ ཟླ་ ༡༠་ཚེས་༣༡ ཉིན་མཐའ་མའི་རྩོད་བཤད་ཀྱི་བྱ་རིམ་དེ་ཡིན་འདུག ཁ་མཆུ་དེ་ནང་བོད་མི་ཉེས་འཛུགས་པ་ཞིག་ཁྲིམས་གུགས་ལ་མ་བཅར་བར་གྲོལ་བར་བརྟེན་ཁོ་རང་ཐོག་མ་ཉིད་ནས་ཉེས་ཅན་ངོས་འཛིན་ཐག་གཅོད་གནང་ཟིན་པ་དང། ཁྲིམས་ལུགས་རིག་པ་བའི་ཚཽགས་པ་བདེ་སྡུག་ཞུ་བ་བཅར་མཁན་བཀྲ་ཤིས་དོན་གྲུབ་དང་མཐར་པ་བཅས་མ་ཉེས་ཁ་གཡོག་བྱས་པ་མ་གོགས་མེག་ལོ་སྒན་ཇི་རུ་ཟིང་ཇང་བྱུང་བའི་སྐབས་སུ་ཁཽ་ཚོ་རྩ་བ་ཉིད་ནས་ཉེ་འགྲམ་དུ་ཡང་མེད་པ་ཞིག་དང་སྐབས་དེར་གཉེན་འཕྲིན་མཐུང་ངུ་ཞིག་ལ་བུད་མེད་ཞིག་གིས་ཟིང་སྦྱང་སློང་བ་དེ་འདོན་འབུལ་ཞུ་མ་ཐུབ་པར་བརྟེན་ཉེས་ཅན་པ་ངོ་མ་དེ་ད་ཆ་ཁྲིམས་ནས་མཐར་བ་དང་ནོར་འཁྲུལ་མེད་པ་ཞིག་ལ་ཉེས་པ་ཕོག་ནས་ལུས་ཡོད་འདུག

། བོད་མིའི་སྒྲིག་འཛུགས་ལ་རམ་འདེགས།

བོད་མིའི་སྒྲིག་འཛགས་ཀྱི་ཡན་ལག་ལས་ཁུངས་འགའ་ཤིག་ཡུལ་ཁྲིམས་འོག་དེབ་སྐྱེལ་ཡོད་པ་ཞིག་ལ་ཁྲིམས་མཐུན་དུས་འགྱངས་དང་བྱེད་སྒོ་ཁག་ལག་བསྟར་མ་བྱུང་བར་བརྟེན་ཁྲིམས་ཐོག་ནས་གནས་ཚུལ་ཡོང་སྲིད་པ་ཡོད། དཔེར་ན། ཤེས་རིག་སྤར་ཁང་གི་ཁྲིམས་ཡིག་དགོངས་དོན་དེབ་སྐྱེལ་དང་ལས་དོན་བྱེད་ཕྱོགས་ཐད་བསྐྱར་ཞིབ་བྱ་རྒྱུའི་དང་ཁྲིམས་མཐུན་བཟོ་རྒྱུའི་ཆེད་ཁྲིམས་ལུགས་རིག་པ་བར་བཅར་བ་དང་ལམ་སྟོན་ཞུས།   ལས་རིམ་འགོ་འཛུགས་དང་ཡིག་ཆ་གྲ་སྒྲུག་བྱས་མཚམས་ཅ་དངོས་དང་ཞབས་ཞུའི་ཕྲལ་(GST).རྐྱེན་གནས་སྐབས་ཕྱིར་འཐེན་བྱས། འོན་ཀྱང་དེ་དང་འབྲེལ་བའི་ལམ་སྟོན་བྱས།

༡།༧ གཉེན་སྒྲིག་དང་ཁ་བྲལ་།

བོད་མི་མང་ཆེ་ལམ་ལུགས་གཞིར་བཟུང་གཉེན་སྒྲིག་བྱས་པ་མ་གཏོགས་ཁྲིམས་ཐོག་ནས་དེབ་སྐྱེལ་བྱེད་ལུགས་མེད་པར་སྐབས་མཚམས་དཀའ་ངལ་ཕྲད་པ་མང་པོ་བྱང་ཡོད། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཡིག་དགོངས་དོན་ད་ཆ་གཉེན་སྒྲིག་དེབ་སྐྱེལ་ངེས་པར་དུ་བྱེད་དགོས་པ་ལྟར། འདི་ལས་ནས་བོད་མི་མང་པོ་ཞིག་ལ་དེབ་སྐྱེལ་རོགས་རམ་བྱས་་པ་དང་། ཡང་གཟའ་ཚང་འགའ་ཞིག་ཕྱི་རྒྱལ་དུ་བསྐྱོད་པར་བརྟེན་གཟའ་ཟླ་གཅིག་རྒྱ་གར་དུ་ལྷག་ནས་ལོ་མང་ཕྱིན་རྗེས་རང་བཞིན་གྱངས་ཐག་རིང་བའི་རྐྱེན་རང་བཞིན་ཁ་བྲལ་བྱུང་དགོས་པ་མང་དག་ཡོད་པ་ལ་འདི་ལས་ནས་གཟའ་ཚང་ཁ་བྲལ་ཞུ་རོགས་ང་འགའ་ཞིག་ལ་རྒྱལ་ཁབ་གང་དེའི་སྐུ་ཚབ་དོན་གཅོད་བརྒྱུད་ནང་མི་མཉམ་འཛོམས་ཡོང་བའི་རྒྱབ་གཉེར་དང་ཞུ་འབུལ་རིགས་ཕུལ་ཡོད།

༡།༩ སྐྱབས་བཅོལ་ལག་དེབ་གསར་བཟོ་དང་ཕྱི་བསྐྱོད་ཆོག་མཆན་ལ་མཐུན་འགྱུར།།

འདི་ལས་ནས་བོད་མི་ཞིག་ལ་སྐྱབས་བཅོལ་ལག་དེབ་མེད་པ་དང་ཕྱི་རྒྱལ་བསྐྱོད་ཆེད་མཐོང་མཆན་ཐོབ་ཟིན་པར་བརྟེན་ད་ཆ་ཕྱིར་ཐོན་ཆོག་མཆན་དགོས་མཁན་ཞིག་ལ་རམ་འ༷དེགས་ཀྱིས་སྐྱབས་བཅོལ་ལག་དེབ་ཐོབ་པ་དང་ཕྱི་རྒྱལ་དུ་ཕུར་ཐུབ་པ་བྱུང་ཡོད། ཡང་བོད་མ་ཞིག་གི་བུའི་མིང་དང་ཐོང་མཁཉ་ནང་གི་མིང་མ་མཐུན་པར་བརྟེན་ཕྱིར་ཐོན་ཆོག་མཆན་ནང་མིང་མ་ཐུན་པ་དེ་ལ་ཐབས་ལམ་བསྟོན་ཏེ་མཐར་འགྲིགས་པ་བཟོ་ཐུབ་ཡོད།

༡།༡༠   ཁྲིམས་ཁང་བརྒྱུད་སྐྱེས་ཚེས་ལག་འཁྱེར་ཞུ་སྒོའི་བྱ་རིམ་ལ་རམ་འདེགས། 

ཁྲིམས་ཁང་ནས་སྐྱེས་ཚེ་ལག་འཁྱེར་ཞུ་བ་ལ་དུས་ཚོད་དང་བྱ་རིམ་མང་དག་ཞིག་ཡོད་པ་དང་། འདི་ལས་ནས་སྐྱེས་ཚེ་ལག་འཁྱེར་ཞུ་རྒྱུའི་ཁྲིམས་ཁངབྱ་རིམ་གང་ཚང་ལ་མཐུན་འགྱུར་དང་རམ་འདེགས་ཞུས་ཡོད།

༡།༡༡ བསམ་ཚུལ་དང་རྒྱབ་གཉེར་རིགས།

འདི་ལས་ནས་མི་མང་སྒེར་གྱི་ཞུ་སྐུལ་ལྟར་སྐབས་རེ་རྒྱ་གར་སྐྱབས་བཅོལ་ལག་དེབ་དང་སྐབས་རེ་ཕྱི་བསྐྱོད་ལག་དེབ། སྐབས་རེ་ཕྱི་རྒྱལ་དུ་སྐྱབས་བཅོལ་དང་འབྲེལ་བའི་ཁྲིམས་དོན་གྱི་བསམ་ཚུལ་དང་རྒྱབ་གཉེར། ཡང་ས་གནས་ཧ་རི་ཡ་ན་ཟེར་བ་ཞིག་ལ་བོད་པ་སུས་ཚོང་པ་དང་རྒྱ་གར་བ་ཚོང་པ་དབར་འཁྲུག་འཛིང་བྱུང་བ་དེའི་ཐད་ནང་འགྲིག་བྱེད་ཕྱོགས་ལམ་བསྟོན་ཞུས་པ་བཅས་ལ་ཡིག་ཐོག་བསམ་ཚུལ་ཕུལ་ཡོད།

(Visited 1 times, 1 visits today)