ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༩ ཉིན་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་དང་དྲུང་ཆེ་བསྟན་འཛིན་བདེ་ཆེན་ལགས་གཉིས་ཀྱིས་རྒྱ་གར་ཁྲིམས་རྩོད་པ་Yogesh་དང་ཁོང་གི་ཕྱག་རོགས་དང་ཐུག་འཕྲད་ཀྱིས། ད་ཡོད་བོད་མི་དང་འབྲེལ་བའི་ཁ་མཆུ་དང་ཁྲིམས་ལུགས་གནས་དོན་སྐོར་བགྲོ་གླེང་བྱས་ཡོད་རེད།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་ཆེད་དུ་ཁྲིམས་དོན་གྱི་དཀའ་ངལ་ལས་ཐར་མ་ཐུབ་པའི་བོད་པ་དང་། ཡང་ན་ཁྲིམས་ལུགས་ཀྱི་དཀའ་ངལ་སྔོན་འགོག་ཚུལ་ཏུ་མི་མང་ལ་གོ་རྟོགས་སྤེལ་མཁན་གྱི་ཚོགས་པ་ཞིག་ཡིན་པས། ནམ་ཀུན་ནས་ཚོགས་པ་ངོས་ནས་གང་ཡོང་ཅི་ཡོང་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་གཙོ་དོན་བྱེད་ཀྱི་ཡོད་པ་རེད།

(Visited 1 times, 1 visits today)