རྒྱ་ནག་གི་ལག་ཐོག་ཁ་པར་བཟོ་གྲྭ་ཤའོ་མིག་(小米)ཟེར་བ་ནི་འཛམ་གླིང་གང་སར་ཡན་ལག་ཡོད་པའི་བཟོ་གྲྭ་ཆེན་པོ་ཞིག་ཡིན། རྒྱ་གར་ཏུ་ཤའོ་མིག་གི་ཡན་ལག་བཟོ་གྲྭ་དང་ཚོང་ཁང་ཧ་ཅང་མང་པོ་ཡོད་པ་མ་ཟད། ཤའོ་མིག་ལག་ཐོག་ཁ་པར་བེད་སྤྱོད་གཏོང་མཁན་ཡང་ཧ་ཅང་མང་པོ་ཡོད་པ་རེད།

རྒྱ་གར་གཞུང་གི་ཁྲལ་བསྡུ་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་བརྒྱུད། ཤའོ་མིག་ལག་ཐོག་ཁ་པར་གྱི་ནང་ཆས་ཡན་ལག་དང་ནང་འདྲེན་བྱེད་པའི་ལག་ཐོག་ཁ་པར་སོགས་ཀྱི་ཡོང་བབས་སོགས་ཁྲལ་སྤྲོད་རྣམ་གྲངས་ནང་བླུགས་མེད་པ་ཤེས། རྒྱུ་མཚན་དེའི་དབང་གིས་རྒྱ་གར་གཞུང་ལ་ཁྲལ་གྱི་གྱོང་གུད་ཆེན་པོ་བྱུང་ཡོད། རྒྱ་གར་གཞུང་གིས་གསལ་བསྒྲགས་ནང་ཕྱི་ལོ་ ༢༠༡༧ ཟླ་ ༤ པ་ནས་ཕྱི་ལོ་ ༢༠༢༠ ཟླ་ ༦ པའི་དབར་ཤའོ་མིག་བཟོ་གྲྭས་རྒྱ་གར་གཞུང་ལ་ཨ་སྒོར་ཁྲི་༨༨༠༠ ཙམ་གྱི་ཁྲལ་ཆད་ཀྱིས་ཡོད་པས་དེ་དག་དུས་ཐོག་སྤྲོད་དགོས་པ་གསལ་ཡོད།

 

(Visited 1 times, 1 visits today)