ལོ་འདིའི་གསུམ་བཅུ་དུས་དྲན་ཐེངས་ ༦༠ པའི་ཐོག རྒྱ་རིགས་མང་མང་པོ་རྒྱབ་སྐྱོར་ཚུལ་དུ་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་ཡོད་པ་རེད། རྒྱ་རིགས་དེ་དག་གི་ནང་ལ་མཚན་སྙན་ལྡན་པའི་ཤེས་ཡོན་ཅན་མང་པོ་ཡོད་པ་དང་། ད་བར་མི་ལོ་མང་པོར་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་ཡང་མང་པོ་ཡོད་པ་རེད། རྒྱ་རིགས་ཚོ་ལ་བོད་ཀྱི་སྲིད་བྱུས་དང་ལམ་ཕྱོགས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་སོགས་འགྲེལ་བཤད་གང་ཐུབ་རྒྱག་དགོས་རྒྱུ་ནི་ང་ཚོའི་ལས་འགན་ཆེ་ཤོས་ཤིག་ཡིན་པ་རེད། དེ་དང་ཕྱོགས་མཚུངས་རྒྱ་རིགས་ཚོ་ལ་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་རྒྱ་ནག་གི་དྲག་གནོན་འོག་དཀའ་སྡུག་ཇི་ལྟར་ཡོད་མེད་སྐོར་ཀྱང་རྒྱ་རིགས་ཚོ་ལ་འགྲེལ་བཤད་རྒྱག་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་རེད།

ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༣ ཉིན་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་ནས་རྒྱ་རིགས་ཤེས་ཡོན་ཅན་རྣམས་དང་ཐུག་འཕྲད་ཀྱིས་རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་སྐོར་དང་། བོད་རིགས་ས་ཁུལ་དུ་རྒྱ་ནག་གི་ཁྲིམས་འགལ་བྱ་སྤྱོད་ཇི་ལྟར་བརྩམས་དང་བརྩམ་མུས་ཡིན་མིན་སྐོར་བགྲོ་གླེང་བྱས་ཡོད་པ་དང་། རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་བ་རྣམས་ཀྱིས་ཀྱང་དེ་ལུགས་ཁས་ལེན་གྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་བའི་དམ་དྲག་གི་སྲིད་བྱུས་ལ་ངོ་རྒོལ་ཡོད་ཅེས་གསུངས་ཡོད།

(Visited 1 times, 1 visits today)