བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་ཕྱི་ལོ་༢༠༡༣ལོར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇི་ལྟར་བཀའ་གནང་པ་བཞིན་བཙུགས་ཡོད་པ་དང་། ཕྱི་ལོ་༢༠༡༤ལོར་བྷེན་ལོར་རྒྱ་གར་ཡུལ་ཁྲིམས་ལྟར་དེབ་སྐྱེལ་བྱས་ཡོད་པ་དང་། དེ་ནས་བོད་ཀྱི་ཐེབས་རྩ་དང་མཚོ་པདྨ་སོགས་ཚོགས་པ་ཁག་གིས་རྒྱབ་སྐྱོར་བྱེད་ཡོད་པ་དང་། ཚོགས་པ་འདི་ནི་དེང་རབས་ཅན་གྱི་ལས་ཁུངས་བཞིན་ལས་བྱེད་འཐུས་ཚང་ཡོད་པ་དང་། རྩིས་ཕྲ་གཅང་གསལ་ཡིན་པ་རེད། ལས་ཁུངས་ཤིག་ལ་མཚོན་ན་ལས་བྱེད་རྣམས་སོ་སོའི་ལས་འགན་ཐོག་རིག་རྩལ་དང་རྣམ་དཔྱོད་ལྡན་དགོས་པ་ཤིན་ཏུ་གལ་འགངས་ཆེ་བས། ཚོགས་པ་འདིས་རྒྱུན་དུ་ལས་བྱེད་ཀྱི་རྣམ་དཔྱོད་ཡར་རྒྱས་དང་ལག་རྩལ་དེང་རབས་ཅན་དུ་གྱུར་པར་གཟབ་སྦྱོང་དང་སློབ་སྦྱོང་སོགས་ཀྱི་གོ་སྐབས་གང་མང་འཛིན་གྱིས་ཡོད་པ་རེད། ཐེངས་འདིར་ལས་ཁུངས་ཀྱི་རྩིས་པ་རྩིས་རིག་རབ་འབྱམས་སྨྲ་བ་བསོད་ནམས་བུ་ཁྲིད་ལགས་ཕྱི་ལོ་༢༠༡༧ཟླ་༡༢ཚེས་༡ནས་ཚེས་༢༩་བར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པའི་ཡན་ལག་ཏེ་བོད་མིའི་འདུན་ལམ་སློབ་སྟོན་ཁང་གིས་གོ་སྒྲིག་འོག་རྩིས་གཉེར་ལག་རྩལ་གྱི་གཟབ་སྦྱོང་སྤྲད་པའི་ནང་འཛུལ་བཞུགས་བྱས་ཡོད་པ་རེད་ལ། དེ་རིང་གཟབ་སྦྱོང་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

(Visited 1 times, 1 visits today)