ཚང་མས་མཁྱེན་གསལ་ལྟར། རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་འབུ་དེའི་རྐྱེན་པས་འཛམ་གླིང་ཡོངས་རྫོགས་ལ་དཀའ་ངལ་ཆེན་པོ་སྤྲོད་ཡོད་པ་དང་། ལས་རིགས་སྣ་ཚོགས་སུ་བཞུགས་བའི་ལས་མི་རྣམས་ལའང་དཀའ་ངལ་ཆེན་པོ་བྱུང་ཡོད་པ་རེད། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའང་ཡུལ་ཁྲིམས་དང་ནད་འབུའི་རྐྱེན་པས་ལས་ཡུན་གང་ཙམ་རིང་ལས་ཁུངས་སུ་བཅར་མ་ཐུབ་པར། ལས་བྱེད་སོ་སོས་རང་ཁྱིམ་དུ་ཕྱག་ལས་མ་གནང་ཀ་མེད་བྱུང་ཡོད།

ཡུལ་ཁྲིམས་ཀྱི་གུ་ཡངས་དང་འབྲེལ་ཡོད་རྒྱ་གར་ལས་ཁུངས་ཁག་ཀྱང་རིམ་གྱིས་ལས་འགོ་བརྩམས་ཡོད་པས། འདི་གར་ལས་ཁུངས་ནས་ཀྱང་ཟླ་འདིའི་ཚེས་ ༡༨ ཉིན་ནས་ལས་ཁུངས་སུ་བཅར་ནས་སྔར་བཞིན་ཕྱག་ལས་གནང་འགོ་ཚུགས་ཡོད། ལས་བྱེད་ཚོའི་འཕྲོད་བསྟེན་དང་བདེ་འཇགས་ལ་དོ་ཁུར་དགོས་པ་དང་། ཡུལ་ཁྲིམས་དང་གཏན་འབེབས་སྒྲིག་གཞི་སོགས་ལ་བརྩི་སྲུང་བྱེད་དགོས་པས། ལས་ཁུངས་སུ་བཅར་མཁན་རྣམས་ཀྱིས་ངེས་པར་ཏུ་ཁ་རས་བསྐྱོན་དགོས་པ་དང་། ལས་ཁུངས་སྒོ་འགྲམ་ལ་ཡོད་པའི་ལག་འཁྲུས་ཡོ་བྱེད་བེད་སྤྱོད་ཀྱིས་ལག་པ་གཙང་མ་བཟོ་དགོས་པ། ལས་བྱེད་དང་དགོས་ངེས་རྒྱང་ཐག་ཉར་དགོས་པ་སོགས་ཀྱི་ཐད་དོ་ཁུར་གནང་སྐྱོང་ཡོད་པའི་འབོད་སྐུལ་ཞུ།

(Visited 1 times, 1 visits today)