བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འདི་ཉིད་ཀྱིས་ཕྱི་ལོ་༢༠༡༦ཟླ་༣ཚེས་༡ཉིན་དངོས་སུ་བཞུགས་སྒར་དྷ་རམས་ས་ལ་ལས་ཁུངས་བཙུགས་ནས་སྐྱབས་བཅོལ་བོད་མི་ཡོངས་ལ་རིན་མེད་ཀྱི་ཁྲིམས་དོན་ཞབས་ཞུ་ཞུས་དང་དང་ཞུ་མུས་ཡིན་པ་དང་། བོད་མིའི་ཁྲིམས་ལུགས་རིག་པ་བ་མང་པོས་ཀྱང་སོ་སོའི་ཁྱད་ལས་དང་མཐུན་པའི་ལས་དོན་བྱེད་ས་ཞིག་ཏུ་འགྱུར་ཡོད།

བདེ་སྐྱིད་དཔལ་སྒྲོན་ལགས་ནི་རྒྱ་གར་ལྷོ་ཕྱོགས་མཱེ་སོར་གྲོང་ཁྱེར་གྱི་JSSཁྲིམས་ལུགས་མཐོ་སློབ་ཏུ་སློབ་མཐར་ཕྱིན་ཡོད་པ་དང་། སློབ་མཐར་གྲུབ་འབྲས་ཀྱང་མཐོ་སློབ་ཡོངས་ནས་ཨང་རིམ་གཉིས་པར་ལེན་ཡོད། ཁོང་སློབ་མཐར་སོན་རྗེས་སོ་སོའི་མི་རིགས་ལ་ཞབས་ཞུ་ཞུ་དམིགས་གཙོ་བོར་བཟུང་ནས་འདི་གར་བོད་མིའི་ཁྲིམས་ལུགས་ཚོགས་པ་རུ་ཡིག་རྒྱུགས་ལམ་ནས་བཞུགས་ཡོད་པ་རེད། ལས་ཁུངས་ནང་སྒྲིག་བཞུགས་བྱེད་པ་ནས་སོ་སོར་ཡོད་པའི་ཤེས་འཇོན་དང་ལྷག་བསམ་གྱིས་རང་འགན་ཏུ་བབས་པའི་ལས་དོན་ཆེ་ཕྲ་ཆུང་གསུམ་ཚང་མ་ལ་འཐུས་ཤོར་མེད་པར་སྤུས་དག་བྱས་ཡོད་པ་རེད་ལ། བོད་མིའི་ཁྲིམས་ལུགས་ཚོགས་པས་འདས་ཟིན་པར་བྱུང་བའི་ཕུལ་བྱུང་ལས་དོན་མང་པོར་འགྲུབ་འབྲས་གཡུར་ཏུ་ཟ་བ་བྱུང་པ་དང་། བོད་མི་མང་པོས་ཚོགས་པ་འདི་ལ་ཡིད་ཆེས་མང་དུ་སོང་པ་སོགས་སུ་ལེགས་བསྐྱེལ་མི་ཉུང་བ་ཞུག་འཇོག་ཡོད་པ་རེད།

ད་ཐེངས་ཁོང་ཉིད་བཟའ་ཚང་ཟླ་སྒྲིལ་གྱི་དོན་དུ་ལས་ཁུངས་སུ་ཁ་མི་བྲེལ་ཀ་མེད་བྱུང་པ་ནི་ཁོ་མོའི་མ་འོངས་ཕུགས་བསམ་དངོས་འགྱུར་ཐུབ་པར་གལ་ཆེ་ཡིན་བས། ང་ཚོས་ཁོ་མོ་ལ་རྗེས་སུ་ཡི་རངས་དང་མ་འོངས་བྱ་བ་མཐའ་དག་ལ་ལམ་འགྲོ་ཡོང་པར་སྨོན་འདུན་ཞུ་རྒྱུ་ཡིན།

(Visited 7 times, 1 visits today)