ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༣ ཉིན་སྦེང་ལོར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་མི་ཡོངས་ལྷན་འཛོམས་ཀྱིས། སྤེང་ལོར་དུ་ལོ་འཁོར་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདིའི་ཐོག་སྐབས་གཉིས་པའི་རྒྱུན་ལས་ངོས་ནས་འདས་ཟིན་པའི་ལོ་གཅིག་ནང་། ཚོགས་པ་ངོས་ནས་ཁྲིམས་ལུགས་གོ་རྟོགས་སྤེལ་པ་དང་། རྒྱ་གར་ཁྲིམས་ལུགས་མཐོ་སློབ་ཁག་ཏུ་ཞུ་སྐུལ་གྱི་ལས་འགུལ་སྤེལ་པ། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མཉམ་དུ་ལས་འགུལ་ཅི་སྤེལ་སོགས་ཀྱི་ལས་དོན་སྙན་སྒྲོན་ཞུས་ཡོད་པ་རེད།

གསར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་རྣམ་པས་རྒྱུན་ལས་རྙིང་པ་རྣམ་གྱི་ལས་དོན་བྱེད་ཕྱོགས་དང་། འགྲུབ་འབྲས་ཅི་ཐོན་རྣམས་ལ་ཡི་རངས་བསྔགས་བརྗོད་ཞུས་པ་དང་སྦྲགས། མ་འོངས་པའི་ལས་མཆར་ཐོག་བགྲོ་གླེང་བྱས་ཡོད་པ་རེད། ཚོགས་འདུའི་ཐོག་སྤྱི་མོས་ཀྱིས་གྲོས་མཆར་འཇོག་པ་ནི། འབྱུང་འགྱུར་ལོ་གཅིག་གི་ནང་ཁྲིམས་ལུགས་གོ་རྟོགས་ཀྱི་ལས་འགུལ་མང་དུ་གཏོང་རྒྱུ་དང་། ཁྲིམས་དོན་ཉམས་ཞིབ་ཀྱི་ལས་དོན་ཐོག་ཤུགས་མནོན་རྒྱག་རྒྱུ་དེ་ཡིན།

ཐེངས་འདིའི་ཚོགས་འདུའི་ཐོག ཚོགས་བཅར་བ་ཡོངས་ནས་སོ་སོའི་བསམ་ཚུལ་ལྷུག་པོར་གསུངས་ཡོད་པ་དང་། མཐར་ཚོགས་འདུ་རྒྱལ་ཁ་ངང་ལེགས་འགྲུབ་བྱུང་།

(Visited 1 times, 1 visits today)