བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་༢༠༡༣ ལོར་གསར་འཛུགས་གནང་། ཚོགས་པ་འདི་ནི་བོད་ཀྱི་ལོ་རྒྱུས་ནང་བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམས་ཀྱི་ཁྱད་ལས་དང་བསྟུན་བཙུགས་པའི་ཁྲིམས་ལུགས་ཚོགས་པ་དང་པོ་དེ་ཡིན། ༧མགོན་པོ་གང་གི་བཀའ་དགོངས་ལྟར་བཙན་བྱོལ་བོད་མི་རྣམས་ཀྱི་ཁྲིམས་དོན་དཀའ་ངལ་དག་ལ་རོགས་སྐྱོར་བྱེད་ཆེད། ཕྱི་ལོ་ ༢༠༡༥ ལོར་དངོས་སུ་དྷ་རམས་སར་ལས་ཁུངས་བཙུགས་པ་ནས་ད་ལྟའི་བར། བོད་མི་བརྒྱ་ཕྲག་མང་པོའི་ཁྲིམས་དོན་དཀའ་ངལ་སེལ་པར་རོགས་འདེགས་བྱས་ཡོད་པ་དང་། ལྷོ་ཕྱོགས་གཞིས་ཆགས་དང་དགོན་པ། སློབ་གྲྭ་སོགས་སུ་འཚམས་གཟིགས་ཀྱིས་བོད་མི་ལྔ་སྟོང་ལྷག་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད། བོད་མིའི་ཁྲིམས་ལུགས་སློབ་མ་རྣམས་ལ་ཉམས་གསོའི་གོ་སྐབས་ཕུལ་ནས་བཙན་བྱོལ་སྒྲིལ་འཛུགས་ཀྱི་ཁྲིམས་ཞིབ་ཁང་ནང་ས་གནས་ཁྲིམས་དཔོན་དང་ལས་མི་མང་པོ་གསོ་སྐྱོང་བྱས་ཡོད།

ཏོག་དབྱིབས་རེམས་ནད་ཀྱི་གནས་དོན་བྱུང་ནས། ཚོགས་པ་འདིར་རོགས་དངུལ་གྱི་བཀའ་ངལ་ཆེན་པོ་འཕྲད་དང་འཕྲད་མུས་ཡིན་པ་དང་། ལས་བྱེད་རྣམས་ལ་གླ་ཆ་སྤྲོད་མི་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། འདི་ལྟར་དཀའ་ངལ་འཕྲད་བཞིན་པའི་སྐབས། སྐྱབས་རྗེ་སླེ་ལུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ཁོང་གི་ཐེབས་རྩ་ངོས་ནས་ལོ་གཅིག་རིང་ང་ཚོའི་ལས་ཁུངས་ཀྱི་ཁང་གླ་ལ་རོགས་རམ་དང་རྒྱབ་སྐྱོར་གནང་སོང་བས། དེ་ནི་ང་ཚོའི་ཚོགས་པར་མཚོན་ན་དུས་ཐོག་ཆར་པ་ལྟར་གྱུར། ང་ཚོའི་ཚོགས་མི་ཡོངས་ཀྱིས་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་བླ་མེད་དུ་ཆེ་ཞུ།

(Visited 1 times, 1 visits today)