སྐྱེས་ཚེས་ལག་འཁྱེར་ནི་རང་གི་ཐོབ་ཐང་མཚོན་བྱེད་ཀྱི་ཡིག་ཆ་ཧ་ཅང་གལ་གནད་ཅན་ཞིག་ཡིན། སྐྱབས་བཅོལ་ལག་དེབ་གསར་བཟོ་བྱ་རྒྱུ་དང་སློབ་གྲྭ་དང་མཐོ་སློབ་སོགས་སུ་སློབ་འཇུག་བྱ་སྐབས་ཤིན་ཏུ་དགོས་མཁོ་ཆེ་བ་ཡིན། སྤྱིར་སྐྱེས་ཚེས་ལག་འཁྱེར་ནི་ཕྲུ་གུ་སྐྱེས་མ་ཐག་ནས་བདུན་ཕྲག་གཉིས་ཀྱི་ནང་ཚུན་དུ་ས་གནས་གྲོང་སྡེའི་འགོ་དཔོན་(པཱན་ཅ་ཡཌ་ Panchayat) ལ་ཡར་ཞུ་ཞུས་ཚེ་དེ་མུར་རག་ཐུབ་པ་ཡིན། འོན་ཀྱང་ཕ་མས་ངོས་ནས་སྣང་མེད་ངང་འགོར་འགྱངས་བྱུང་བ་ཡིན་ཚེ་སྐྱེས་ཚེས་ལག་འཁྱེར་བཟོ་བར་བརྒྱུད་རིམ་དུ་མ་ཞིག་བརྒྱུད་དགོས།

སྐྱེས་ཚེས་ལག་འཁྱེར་བཟོ་རྒྱུའི་བརྒྱུད་རིམ་ཁག་གཤམ་གསལ།

༡. ཐོག་མར་རང་གི་གྲོང་སྡེའི་འགོ་དཔོན་ནམ་ Village Panchayat ཕྲུ་གུ་སྐྱེ་སའི་ས་ཁོངས་སུ་ཡོད་པའི་གྲོང་ཁྱེར་ལས་ཁུངས་ Municipal Corporation ནས་སྐྱེས་ཚེས་ལག་འཁྱེར་མ་ཐོབ་པའི་དཔང་ཡིག་ Non Availability Certificate ལེན་དགོས། ༢. སྐྱེས་ཚེས་ལག་འཁྱེར་མ་ཐོབ་པའི་དཔང་ཡིག་བླངས་རྗེས་རང་གི་ཉེ་འཁྲིས་སུ་ཡོད་པའི་གཞུང་འབྲེལ་སྨན་པའི་ལས་ཁུངས་ Chief Medical Officer ནས་དགག་བྱ་མེད་པའི་དཔང་ཡིག་ No Objection Certificate ལེན་དགོས། ༣. དེ་ནས་དོ་བདག་གི་སྐྱེས་ཚེས་གསལ་བའི་གསལ་བསྒྲགས་ཤིག་ཚགས་པར་ནང་དུ་བཀོད་དེ་ཁྱབ་བསྒྲགས་བྱས་རྗེས་དེའི་ངོ་བཤུས་ཤིག་ཉར་ཚགས་བྱ་དགོས། ༤. སྐྱེས་ཚེས་ལག་འཁྱེར་མ་ཐོབ་པའི་དཔང་ཡིག་དང་དགག་བྱ་མེད་པའི་དཔང་ཡིག ཚགས་པར་དུ་ཁྱབ་བསྒྲགས་བྱས་ཟིན་པའི་ངོ་བཤུས་སོགས་རག་རྗེས་དགོས་ངེས་ཡིག་ཆ་མཐའ་དག་བསྣམས་ཏེ་དོ་བདག་ལས་རྒན་པའི་དཔང་མི་གཉིས་དང་བཅས་ཁྲིམས་ཁང་ Executive Magistrate དུ་བཅར་ནས་ཁྲིམས་རྩོད་པ་བརྒྱུད་སྐྱེས་ཚེས་དང་ཤི་ཚེས་དེབ་སྐྱེལ་བཅས་ཁྲིམས་ The Registration of Births and Deaths Act, 1969 ཀྱི་དོན་ཚན་ ༡༣ ལྟར་སྐྱེས་ཚེས་ལག་འཁྱེར་གསར་བཟོ་བྱ་དགོས་པའི་ཞུ་སྦྱོར་སྙན་ཞུ་འབུལ་དགོས་པ་ཡིན། ༥. དུས་ཡུན་གང་ཙམ་གྱི་རྗེས་ནས་ཁྲིམས་ཁང་ནས་གྲོང་སྡེའི་འགོ་དཔོན་ Panchayat ནམ་ཡང་ན་གྲོང་ཁྱེར་ལས་ཁུངས་ Municipal Corporation ལ་དོ་བདག་ཞུ་སྦྱོར་བར་སྐྱེས་ཚེས་ལག་འཁྱེར་གསར་བཟོ་བྱ་དགོས་པའི་བཀའ་ཁྱབ་གཏོང་ངེས་པས་ཁྲིམས་ཁང་གིས་བཀའ་ཁྱབ་བཏང་རྗེས་བཀའ་ཁྱབ་ཀྱི་ངོ་བཤུས་བཟུང་སྟེ་འབྲེལ་ཡོད་གྲོང་སྡེའི་འགོ་དཔོན་ནམ་གྲོང་ཁྱེར་ལས་ཁུངས་སུ་བཅར་བ་ཡིན་ན་སྐྱེས་ཚེས་ལག་འཁྱེར་རག་ཐུབ་པ་ཡིན།

སྐྱེས་ཚེས་ལག་འཁྱེར་བཟོ་རྒྱུའི་དགོས་ངེས་ཆ་རྐྱེན།

༡. དོ་བདག་གི་ལས་གནས་ལས་ཁུངས་སམ་ས་གནས་འགོ་འཛིན་གྱི་རྒྱབ་གཉེར་ཡི་གེ། ༢. དོ་བདག་གི་ཨ་རྡར་ཀ་ཊི་Aadar card དང་སྐྱབས་བཅོལ་ལག་དེབ་ RC ཀྱི་ངོ་བཤུས། ༣. དོ་བདག་ལས་ལོ་བཅོ་བརྒྱད་ཀྱི་རྒན་པའི་དཔང་མི་གཉིས་དང་དེ་དག་གི་རྡར་ཀ་ཊི་Aadar card དང་སྐྱབས་བཅོལ་ལག་དེབ་ RC ཀྱི་ངོ་བཤུས། ༤. དོ་བདག་ལས་ལོ་བཅོ་བརྒྱད་ཀྱི་རྒན་པའི་ཁྲིམས་དོན་འཚོ་འཛིན་པ་ Guardian གཅིག་དང་ཁོའི/མོའི་རྡར་ཀ་ཊི་Aadar card དང་སྐྱབས་བཅོལ་ལག་དེབ་ RC ཀྱི་ངོ་བཤུས། ༥. དོ་བདག་འཛིན་རིམ་བཅུ་པ་ཐོན་པའི་ལག་འཁྱེར་ངོ་བཤུས།

སྐྱེས་ཚེས་ལག་འཁྱེར་གསར་བཟོ་བྱ་འདོད་ཡོད་པ་རྣམས་ནས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་ Tibetan Legal Association འབྲེལ་བ་གནང་དང་ཁྲིམས་ལུགས་ཚོགས་པས་དེའི་རིགས་ཀྱི་ཞབས་ཞུ་ལེགས་པོ་སྒྲུབ་ཀྱིན་ཡོད།

(Visited 1 times, 1 visits today)