ཉེ་ཆར་རྒྱ་གར་བྷོམ་བྷེ་གྲོང་ཁྱེར་ཁྲིམས་ཁང་ནས་བཀོད་ཁྱབ་བཏང་དོན་ལྟར་ན། གྲོང་ཁྱེར་སྤྱི་སྤྱོད་གསང་སྤྱོད་དུ་བུད་མེད་ལྟ་སྲུང་བ་རེ་བསྐོ་གཞག་གནང་དགོས་པ་དང་། དེ་ནི་གཙོ་བོར་བུད་མེད་བྱིས་པ་དང་ན་གཞོན་གཙོས་བུད་མེད་རྣམས་ལ་སྐྱེ་པ་ཚོས་འཁྲིག་སྦྱོར་གྱི་བྱ་ངན་སྤེལ་རྒྱུ་བཀག་སྡོམ་བྱེད་ཆེད་རེད་འདུག

རྒྱ་གར་གྱི་ས་གནས་མང་པོར་སྐྱེ་པ་ཚོས་བུད་མེད་རྣམས་ལ་འཁྲིག་སྦྱོར་བྱ་སྤྱོད་སྤེལ་སྐོར་གྱི་གནས་དོན་དང་གྱོད་གཞི་གང་མང་ཐོན་གྱི་ཡོད་པ་དང་། ཉེ་ཆར་བྷོམ་བྷེ་གྲོང་ཁྱེར་ཁྲིམས་ཁང་དུ། བུ་མོ་ལོ་ན་ ༧ ཅན་ལ་བུ་ ལོ་ན་ ༢༡ ཅན་ཞིག་གིས་འཁྲིག་སྦྱོར་བྱ་སྤྱོད་སྤེལ་ནས་བུ་མོའི་ལུས་སེམས་ལ་དཀའ་ངལ་བཟོས་ཡོད་པའི་གྱོད་གཞི་ཞིག་སླེབས་ཡོད་པ་རེད།གྱོད་གཞི་དེའི་རིགས་རྒྱ་གར་ས་གནས་མང་པོར་བྱུང་དང་འབྱུང་བཞིན་ཡོད་པ་དང་། གནས་ཚུལ་དེ་རིགས་མང་ཆེ་བར་སྤྱི་སྤྱོད་གསང་སྤྱོད་ནང་དང་གཡས་གཡོན་ལ་བྱུང་གི་ཡོད་པའི་གནས་ཚུལ་ཡོད་པས། བུད་མེད་རྣམས་ལ་སྲུང་སྐྱབས་བྱེད་ཆེད། དེ་གར་ཁྲིམས་ཁང་ནས་བྱིས་པར་འཁྲིག་སྦྱོར་བྱ་སྤྱོད་བཀག་རྒོལ་ཁྲིམས་ཡིག་དོན་ཚན་ཁག་གཞིར་བཟུང་སྤྱི་སྤྱོད་གསང་སྤྱོད་ལ་བུད་མེད་ཀྱི་ལྟ་སྲུང་བ་རེ་བསྐོ་གཞག་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད།

(Visited 1 times, 1 visits today)