བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་འཆར་ལྟར་ཕྱི་ལོ་༢༠༡༦ཟླ་༨ཚེས་ཉིན་གྱི་དགོང་དྲོ་ཕྱག་ཚོད་༦པ་ཙམ་ལ་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་བྷེ་ཀོ་བོད་ཁྱིམ་དུ་འཛིན་རིམ་བརྒྱད་པ་ནས་བཅུ་པའི་སློབ་མ་མཁྱོན་༢༥༠ཙམ་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་བརྩམས་ཡོད་པ་དང་།
དེ་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཆེས་ཉམས་མྱོང་ཅན་གྱི་ཁྲིམས་རྩོད་པ་དངོས་གྲུབ་ཚེ་རིང་ལགས་དང་། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས། བཙན་བྱོལ་བོད་མིའི་ས་གནས་ཁྲིམས་ཞིབ་པ་ཟུར་པ་དང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་གཅས་ཀྱིས་གཙོ་བོར་རྒྱུན་མཁོའི་ཁྲིམས་ལུགས་ཤེས་བྱ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྒྱུན་དུ་འཕྲད་ཅིང་པའི་ཁྲིམས་དོན་དཀའ་ངལ་སོགས་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།

བོད་ཕྲུག་ཁྱིམ་སྡེའི་དབུས་ལས་ཁུངས་ནས་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་པ་དེ་ཧ་ཅང་གལ་ཆེ་པོར་གཟིགས་ནས། ཇི་ལྟར་བོད་ཕྲུག་ཁྱིམ་སྡེའི་བཀའ་འཁྲོལ་ལྟར་ཕྱི་ལོ་༢༠༡༦ཟླ་༨པའི་ཚེས་༡༧ནས་༢༣བར་ཉིན་དྲུག་རིང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་དྷ་ས་ཉེ་འཁོར་ཏུ་ཡོད་པའི་བོད་ཕྲུག་ཁྱིམ་སྡེའི་ཡན་ལག་སུ་ཇྰ་བོད་ཁྱིམ། ཅོང་ཏ་ར་བོད་ཁྱིམ། གྷོ་པལ་པུར་བོད་ཁྱིམ། དྷ་ཞོད་བོད་ཁྱིམ། དྷ་སྟེང་བོད་ཁྱིམ་བཅས་བོད་ཁྱིམ་ཁག་ལྔ་རུ་མཁྱོན་སློབ་མ་གྲངས་༢༠༠༠མ་ཟིན་ཙམ་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་འགུལ་བརྩམས་ཡོད་པ་རེད།

(Visited 19 times, 1 visits today)