ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༢ ཉིན། ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་གསལ་བསྒྲགས་བྱས་པ་ལྟར་ན། ཧྭ་ཝ་གཙུགས་ལག་ལག་གཉེར་ཁང་གི་དེ་སྔའི་རྫས་སྦྱོར་སྡེ་ཚན་གྱི་འགན་འཛིན་རྒྱ་ནག་གཞུང་དང་ལག་སྦྲེལ་བྱས་པའི་ནག་ཉེས་དོན་དངོས་ཡིན་པའི་ཐག་གཅོད་བྱུང་འདུག

དེ་ཡང་སྐུ་ཞབས་ཆ་ལི་སི་ལི་བྷོ་ནི་དེ་སྔའི་ཨ་རི་ཧྭ་ཝ་གཙུག་ལག་སློབ་གཉེར་ཁང་གི་རྫས་སྦྱོར་སྡེ་ཚན་གྱི་འགན་འཛིན་ཡོན་པ་དང་། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ཨ་རིའི་ཚན་རིག་པ་རྣམས་ལ་ཞིབ་གཤེར་བྱས་སྐབས། ཁོང་གིས་ཨ་རིའི་གཞུང་ལ་རྫུན་གཏམ་སྨྲས་སྟེ་རང་ཉིད་རྒྱ་ནག་གཞུང་དང་འབྲེལ་བ་རྩ་བ་ནས་མེད་སོགས་བརྗོད་འདུག ཨ་རིའི་གསང་བའི་ལས་ཁང་དང་འབྲེལ་ཡོད་སྡེ་ཚན་ཁག་གི་རྟགས་དཔྱད་ཞིབ་འཇུག་བྱས་པར། སྐུ་ཞབས་ཆ་ལི་སི་ལི་བྷོ་ཡིས་རྒྱ་ནག་ཝུ་ཧན་མཐོ་སློབ་དང་རྒྱ་ནག་གི་རྩེ་ཕོད་སྟོང་ཁྲའི་ཚན་རིག་ལས་རིམ་དང་མཉམ་བཞུགས་ཀྱིས་ཟླ་རེའི་གླ་ཕོག་ཨ་སྒོར་༥༠༠༠༠ལེན་པ་དང་། མཚོ་སྡོད་ཆེད་ཨ་སྒོར་༡༥༠༠༠༠ལེན་པ་མ་ཟད། ཕྱི་ལོ་ ༢༠༡༨ ནས་༢༠༡༩ བར་རྒྱ་གཞུང་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེ་ཀ་ལེན་ཡོད་པའི་ར་སྤྲོད་དང་པང་རྟགས་རྙེད་འདུག ཁོང་གིས་རྒྱ་ནག་གི་དམིགས་ཡུལ་དང་འཆར་གཞི་ལེགས་འགྲུབ་ཡོང་པར་ནུས་པ་གང་ཡོད་བཏོན་ཡོད་པ་ངོས་འཛིན་བྱས་འདུག

མ་ཚད། སྐུ་ཞབས་ཆ་ལི་སི་ལི་བྷོ་ཡིས་ཨ་རིའི་ཁྲལ་བསྡུར་ལས་ཁུངས་ལ་དབུ་སྐོར་ཞུས་ཏེ་རང་ཉིད་ཀྱི་ཡོང་བབས་ལ་སྦས་སྐོང་བྱས་ཐབས་བྱས་པ་སོགས་ནག་ཉེས་དོན་དངོས་ཡིན་པས་ལོ་ལྔ་རིང་བཙོན་འཇུག་བྱས་པའི་ནག་ཉེས་དང་། ཨ་སྒོར་ཕོན་ཆེན་གྱིས་ཉེས་གཅོད་བྱས་འདུག

(Visited 1 times, 1 visits today)