ཚང་མས་མཁྱེན་གསལ་ལྟར་ཨ་རིའི་གཞུང་ངོས་ནས་བོད་མིའི་སྒྲིག་འཛུགས་མང་གཙོ་ཀ་བ་གསུམ་ཡར་རྒྱས་གཙོས་བཙན་བྱོལ་བོད་མི་རྣམས་ལ་དཔལ་འབྱོར་གྱི་རོགས་དངུལ་མཐུན་རྐྱེན་གནང་གི་ཡོད་པ་དང་། ཐེངས་འདིར་ཨ་རི་ནས་ཁྲིམས་ལུགས་ཁྱད་ལས་མཁས་དབང་ལྕམ་Christie Skeels Warren མཆོག་དང་སྐུ་ཞབས་ Christopher Lehmann་གཉིས་བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་དབང་འཛིན་གྱི་གནས་སྟངས་སྐོར་རྟོག་ཞིབ་གནང་པར་ཕེབས་ཡོད་པ་རེད། ཚེས་ ༧ ཉིན་ཁོང་ཚོས་ཆེད་དུ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ལས་ཁུངས་དང་ཚོགས་གཙོ་ལ་ཐུག་དགོས་གསུངས་པ་ལྟར། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་ཁུངས་སུ་ཚོགས་གཙོ་བློ་བཟང་གྲགས་པ་མཆོག་དང་མཇལ་འཕྲད་བྱས་ཡོད་པ་མ་ཟད། བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་དབང་འཛིན་དང་དེའི་སྒྲོམ་གཞི། ཕྱག་ལས་སོགས་སུ་བགྲོ་གླེང་བྱས་པ་དང་། བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་དབང་འཛིན་ཡར་རྒྱས་གོང་འཕེལ་ཇི་ལྟར་གཏོང་དགོས་མིན་ཐད་ཀྱང་བགྲོ་གླེང་ཟབ་མོ་གནང་ཡོད་པ་རེད།

(Visited 1 times, 1 visits today)