Novak Djokovic ཨོ་གླིང་ཏྲེ་ནི་སི་རྩེད་འགྲན་ནང་འཛུལ་བཞུགས་བྱེད་འདོད་ཡོད་ནའང་། ཏོག་དབྱིམས་རེམས་ནད་སྔོན་འགོག་སྒྲིག་ཁྲིམས་དང་འབྲེལ་ཁོང་ཨོ་གླིང་གནམ་ཐང་ནས་བཀག་འཇུག་བྱས་དགོས་བྱུང་ཡོད། གནས་ཚུལ་དེ་འཛམ་གླིང་ནང་གླེང་གཞི་ཆེན་པོ་བྱུང་པ་རེད། 

ཉེ་བའི་ཆར། འཛམ་གླིང་གི་ཏྲེ་ནི་སི་རྩེད་མོའི་མཁན་གྲགས་ཅན་Novak Djokovic ཨོ་གླིང་ནང་ཏྲེ་ནི་སི་རྩེད་མོའི་འགྲིན་ཚོགས་ནང་བཞུགས་ཆེད་ཨོ་གླིང་དུ་བསྐྱོད་ནའང་། ཁོང་གིས་ཏོག་དབྱིབས་འགོག་ཁབ་བརྒྱབ་མེད་པའི་རྐྱེན་གྱིས་ཁོང་གནམ་ཐང་ནང་བཀག་འཇུག་བྱས། Novak Djokovic གིས་རང་ཉིད་ཨོ་གླིང་གཞུང་གི་སྒྲིག་གཞིའི་ཆ་རྐྱེན་ལྟར་འགོག་ཁབ་རྒྱག་དགོས་ཀྱི་མེད་སྐོར་དང་། ཨོ་གླིང་གཞུང་གིས་ཁོང་གནམ་ཐང་ལ་བཀག་འཇུག་བྱས་པ་ནི་ཁྲིམས་འགལ་ཡིན་པས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་པ་རེད། ཨོ་གླིང་གཞུང་གིས་Novak Djokovic ཏོག་དབྱིབས་ནད་འགོག་སྒྲིག་གཞི་དང་འགལ་བས་ཁོང་ཨོ་གླིང་རྒྱལ་ཁབ་ནང་ཡོང་མི་ཆོག་ཅེས་གསུངས་ཡོད་པ་རེད།

ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༡ ཉིན་ཨོ་གླིང་ཁྲིམས་ཁང་ནས་ཨོ་གླིང་གཞུང་གིས་Novak Djokovic བཀག་འཇུག་བྱེད་མི་ཆོག་པ་དང་། ཁོང་ལང་སང་གློད་གྲོལ་གཏོང་དགོས་པ་མ་ཟད། ཁོང་གི་ལས་རིམ་དང་འགྲོ་སྡོད་ཚུད་པའི་རང་དབང་ལ་ཚད་བཀག་མི་ཆོག་པའི་སྐོར་གྱི་བཅད་ཁྲ་བཏང་ཡོད་པ་རེད།

ཁྲིམས་ཁང་གི་ཐག་གཅོད་ལ་དང་ལེན་བྱས་ནའང་། ཨོ་གླིང་གཞུང་གིས་Novak Djokovic གི་ཕྱི་བསྐྱོད་VISA ཕྱི་བསྡུར་དང་རྩིས་མེད་གཏོང་ཆོག་སྐོར་གསུངས་པ་བཞིན། མཐར་ཨོ་གླིང་གཞུང་གིས་Novak Djokovic གི་མཐོང་མཆན་རྩིད་མེད་བཏང་ཏེ་ཁོང་ཨོ་གླིང་ནས་ཁ་མ་བྲལ་ཐབས་མེད་བྱུང་པ་རེད། ཨོ་གླིང་སྲིད་བློན་མཆོག་གིས་གནས་ཚུལ་དེའི་སྐོར་བཀའ་ཤག་ནས་བསམ་བློ་མང་པོ་བཏང་པ་ཡིན། ཡིན་ནའང་། ཨོ་གླིང་མི་མང་གི་བདེ་འཇགས་ལ་བསམ་བློ་གཏོང་དུས་ཐག་གཅོད་དེ་ལྟར་མ་བྱེད་རང་བྱེད་རེད་ཅེས་གསལ་འགོད་པར་གསུངས་འདུག

ད་ཐེངས་Novak Djokovic རྩེད་འགྲན་འདིའི་ནང་བཞུགས་མ་ཐུབ་པ་དེ་ནི་ཁོང་ལ་མཚོན་ན་གྱོང་གུད་ཆེན་པོ་ཞིག་ཡིན་པ་དང་། རྕེད་འགྲན་པ་གཞན་རྣམས་ལ་མཚོན་ན། ཁོང་ཚོར་ཁ་གཏད་ཆེན་པོ་ཞིག་མེད་པ་ཆགས་པ་རེད།

(Visited 1 times, 1 visits today)