བོད་ཁྱིམ་སློབ་གྲྭའི་ནང་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་པ།

post

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་བོད་ཀྱི་ལོ་རྒྱུས་ནང་། ཁྲིམས་ལུགས་ཆེད་ལས་ཉར་བའི་ཚོགས་པ་དང་པོ་དེ་ཡིན། ཕྱི་ལོ་ ༢༠༡༦ ལོར་བཞུགས་སྒར་དྷ་རམ་སར་དངོས་སུ་ལས་ཁུངས་བཙུགས་ནས་ད་བར། ཚོགས་པ་འདིས་བོད་མི་གཞིས་ཆགས་ཁག་དང་དགོས་སྡེ་སློབ་གྲྭ་ཁག་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་འདྲ་མིན་སྤེལ་ཡོད་པ་རེད།

ཁྲིམས་ལུགས་ཀྱི་གོ་རྟོགས་ཞན་པའི་བོད་པའི་སྤྱི་ཚོགས།

post

ཁྲིམས་ལུགས་ནི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་དགོས་མཁོ་སོགས་ལ་བསྟུན་ནས་བྱུང་བའི་གཞུང་ལུགས་ཤིག་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་འདི་ནི་མི་དམངས་ལས་བསྒྲུབས་པའི་སྤྱི་ཚོགས་ཤིག་ཡིན་པ་དང་། མི་དམངས་དེ་དག་ཀྱང་སོ་སོའི་རང་ཉིད་ཀྱི་ཚོར་བའི་འདུ་ཤེས་སྣ་ཚོགས་ཀྱི་སྒྲུབ་པའི་གང་ཟག་འབའ་ཞིག་ཡིན་པ་རེད། མི་རེ་ལ་བསམ་བློ་རེ་དང་། མཛོ་རེ་ལ་རྭ་ཅོག་གཉིས་རེ་ཞེས་བཤད་སྲོལ་ཡོད་པ་ལྟར།

བོད་མི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་བསྡོམས་སྙིང་བསྡུས།

post

༄༅།། ཚོགས་པ་འདི་ཉིད་ནི་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༧ ནས་ ༢༩ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་ཆེན་ཐོག་བཙུགས་པའི་ཚོགས་པ་ཞིག་ཡིན། ལྷག་པར་ ༢༠༡༣ ཟླ་ ༦ ཚེས་ ༢༩ ཉིན་ཚོགས་བཅར་བ་ཡོངས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་ཚོགས་པ་འདི་ཉིད་དབུ་འཛུགས་ཞུས་པ་ཡི་རངས་དང་བསྔགས་བརྗོད་གནང་ཡོད་ལ། ཚོགས་པ་འདིས་སོ་སོའི་ཁྱད་ལས་ཐོག་ཁྲིམས་ལུགས་ཐད་དཀའ་ངལ་འཕྲད་བཞིན་པའི་བོད་མི་གཙོས་མི་དམངས་གང་མང་ལ་ཞབས་འདེབས་ཞུ་དགོས་པ་དང་།

ཁྲིམས་ལུགས་སྤྱི་བཤད་དང་མ་འོངས་བོད་ཀྱི་རྩ་ཁྲིམས་སྐོར་ལ་བཏོན་པའི་བསམ་འཆར།

post

          ཅི་ཞིག་ལ་ཁྲིམས་ལུགས་ཟེར། ཁྲིམས་ཞེས་བརྗོད་སྐབས་ཚང་མས་ཉེས་པ་གཅོད་ལུགས་ཤིག་ལ་གོ་བཞིན་ཡོད་མོད། དེ་འདྲ་རང་མིན། སྤྱིར་ཁྲིམས་ལུགས་རིག་པ་ནི་ཚན་རིག་གི་རིག་གནས་ཤིག་དང་སྤྱི་ཚོགས་ཀྱི་རིག་གནས་ཤིག་ཡིན་ཞིང་། ཁྲིམས་ལུགས་རིག་པའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ཐོག་གི་གནས་ཚུལ་དང་དེར་ཡོད་པའི་མི་རྣམས་ཀྱི་བྱ་སྤྱོད་ལ་དོ་འཁུར་བྱེད་པའི་རིག་པའི་གཞུང་ལུགས་ཤིག་ལ་ངོས་འཛིན་བྱེད་ཅིང་།