སྐྱེས་ཚེས་ལག་འཁྱེར་རག་ཐབས། 

post

སྐྱེས་ཚེས་ལག་འཁྱེར་ནི་རང་གི་ཐོབ་ཐང་མཚོན་བྱེད་ཀྱི་ཡིག་ཆ་ཧ་ཅང་གལ་གནད་ཅན་ཞིག་ཡིན། སྐྱབས་བཅོལ་ལག་དེབ་གསར་བཟོ་བྱ་རྒྱུ་དང་སློབ་གྲྭ་དང་མཐོ་སློབ་སོགས་སུ་སློབ་འཇུག་བྱ་སྐབས་ཤིན་ཏུ་དགོས་མཁོ་ཆེ་བ་ཡིན། སྤྱིར་སྐྱེས་ཚེས་ལག་འཁྱེར་ནི་ཕྲུ་གུ་སྐྱེས་མ་ཐག་ནས་བདུན་ཕྲག་གཉིས་ཀྱི་ནང་ཚུན་དུ་ས་གནས་གྲོང་སྡེའི་འགོ་དཔོན་(པཱན་ཅ་ཡཌ་ Panchayat) ལ་ཡར་ཞུ་ཞུས་ཚེ་དེ་མུར་རག་ཐུབ་པ་ཡིན། འོན་ཀྱང་ཕ་མས་ངོས་ནས་སྣང་མེད་ངང་འགོར་འགྱངས་བྱུང་བ་ཡིན་ཚེ་སྐྱེས་ཚེས་ལག་འཁྱེར་བཟོ་བར་བརྒྱུད་རིམ་དུ་མ་ཞིག་བརྒྱུད་དགོས།

གསལ་བསྒྲགས།

post

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཞིག་ཕྱི་ལོ་༢༠༡༨ ཟླ་ ༩ ཚེས་ ༡༧ ནས་ཚེས་༢༧ བར་དབུས་སྣེ་ལེན་ཁང་དུ་ཡོད་པའི་འཛིན་སྐྱོང་སྦྱོར་བརྡར་ཁང་དུ་ཚུགས་གཏན་འཁེལ་འདུག་ན།

ཆོས་རིག་ལས་ཁུངས་ཀྱི་དེབ་སྐྱེལ་ལེགས་གྲུབ་བྱུང་པ།

post

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇི་ལྟར་བཀའ་གནང་པར་བཞིན་ཕྱི་ལོ་༢༠༡༣ ཟླ་ ༦ ཚེས་༣༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གོ་སྒྲིག་བྱས་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་ཆེན་དུ་འཛུགས་གཏན་འཁེལ་པ་དང་།

RC དྲྭ་ཐོག་དེབ་སྐྱེལ་གང་མགྱོགས་བྱེད་དགོས།

post

སྐྱབས་བཅོལ་ལག་དེབ་དྲྭ་ཐོག་ནས་དེབ་སྐྱེལ་ཞུ་བར་བོད་མི་མང་དག་ཅིག་ལ་དཀའ་ཁག་འཕྲད་ཀྱིན་ཡོད་པར་བརྟེན་རང་གཞུང་བཀའ་ཤག་ནས་རྒྱ་གར་དབུས་ནང་སྲིད་ལྷན་ཁང་དུ་ཡར་ཞུ་གནང་བའི་དོན་འབྲས་སུ་རྒྱ་གར་གཞུང་ངོས་ནས་སྐྱབས་བཅོལ་ལག་དེབ་དེབ་སྐྱེལ་ཞུ་བའི་དུས་བཀག་སྤྱི་ཟླ་ ༩ ཚེས་ ༣༠ བར་ཕར་འགྱངས་གནང་ཡོད་པ་རེད།

མཚོ་པདྨའི་ཚོགས་གཙོ་དང་མཉམ་དུ་ཐུག་འཕྲད།

post

ཕྱི་ལོ་༢༠༡༨ཟླ་༥་ཚེས་༧་ཉིན་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་ཨི་ཊ་ལིར་བརྟན་གཞི་བྱེད་པའི་མཚོ་པདྨ་ཚོགས་པ་ངོས་ནས་གདན་ཞུས་ལྟར་ཨི་ཊ་ལི་ལ་ཕེབས་ཡོད་པ་དང་། ཚོགས་པདྨ་ཚོགས་པའི་ཚོགས་གཙོ་ལྕམ་མ་རི་ས་ལགས་དང་གཞན་རྒྱུན་ལས་ཁག་ཅིག་དང་ཐུབ་འཕྲད་བྱས་ཡོད་པ་རེད།

Page 12 of 19« First...1011121314...Last »