
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་༢༠༡༣ ལོར་གསར་འཛུགས་གནང་། ཚོགས་པ་འདི་ནི་བོད་ཀྱི་ལོ་རྒྱུས་ནང་བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམས་ཀྱི་ཁྱད་ལས་དང་བསྟུན་བཙུགས་པའི་ཁྲིམས་ལུགས་ཚོགས་པ་དང་པོ་དེ་ཡིན།