རྒྱ་གར་གཞུང་གིས་རྒྱ་ནག་གི་ལག་ཐོག་ཁ་པར་བཟོ་གྲྭ་ཤའོ་མིག་ལ་ཁྲིམས་ཆད་གཏོང་པ།

post

རྒྱ་ནག་གི་ལག་ཐོག་ཁ་པར་བཟོ་གྲྭ་ཤའོ་མིག་(小米)ཟེར་བ་ནི་འཛམ་གླིང་གང་སར་ཡན་ལག་ཡོད་པའི་བཟོ་གྲྭ་ཆེན་པོ་ཞིག་ཡིན། རྒྱ་གར་ཏུ་ཤའོ་མིག་གི་ཡན་ལག་བཟོ་གྲྭ་དང་ཚོང་ཁང་ཧ་ཅང་མང་པོ་ཡོད་པ་མ་ཟད། ཤའོ་མིག་ལག་ཐོག་ཁ་པར་བེད་སྤྱོད་གཏོང་མཁན་ཡང་ཧ་ཅང་མང་པོ་ཡོད་པ་རེད།

ལྡི་ལི་གཞུང་ནས་དགོང་མོའི་ཁྱིམ་སྡོད་བཀའ་རྒྱའི་གསལ་བསྒྲགས་བྱེད་པ།

post

ལྡི་ལིའི་མངའ་སྡེ་བློན་ཆེན་སྐུ་ཞབས་ཨ་ཝེན་ཀི་ཅི་ཝ་མཆོག་གིས་རེས་གཟའ་མིག་དམར་ཉིན་གསལ་བསྒྲགས་གནང་དོན་ལྟར་ན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༨ ནས་ལྡི་ལི་མངའ་སྡེ་ཡོངས་ལ་དགོང་མོ་ཕྱག་ཚོད་ ༡༠ པ་ནས་ཞོགས་པའི་ཕྱག་ཚོད་ ༥ པའི་དབར་ཁྱིམ་སྡོད་བཀའ་རྒྱ་གཏོང་རྒྱུ་ཡིན་པ་རེད།

ཆིག་སྒྲིལ་ཡོང་ཆེད་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་སྲིད་འཛིན་ཟུར་པར་ཁྲིམས་ཆད་ཆག་ཡང་གཏོང་པ།

post

ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ཅེ་ཡེན་(Moon Jae-in)གྱིས་རེས་གཟའ་པ་སངས་ཉིན་ཁོང་གིས་སྲིད་འཛིན་ཟུར་པ་ལྕམ་དཔའ་ཇེན་ཡེ་(Park Geun-hye) ལ་ཁྲིམས་གཅོད་ཆག་ཡང་གཏོང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་ཡོད།

རྒྱ་ནག་གཞུང་གིས་དྲྭ་རྒྱ་བརྒྱུད་ཆོས་ལུགས་གནས་འཕྲིན་དོ་དམ་ཐབས་ཤེས་ཞེས་པའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱས་འདུག

post

ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༠ ཉིན། རྒྱ་ནག་གཞུང་གིས་དྲྭ་རྒྱ་བརྒྱུད་ཆོས་ལུགས་གནས་འཕྲིན་དོ་དམ་ཐབས་ཤེས་ཞེས་པའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱས་ནས་དྲྭ་རྒྱ་བརྒྱུད་ཆོས་ལུགས་ཁྱབ་སྤེལ་གཏོང་པར་དོ་དམ་ནན་པོ་བྱེད་བཞིན་འདུག

ཝ་སིམ་རིག་ཝེའི་ (Waseem Rizvi )དེབ་བཏོན་མི་ཆོག་པའི་གྱོད་འཛུགས་དེ་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་ངོས་བཞེས་གནང་མི་འདུག

post

ཝ་སིམ་རིག་ཝེའི་ (Waseem Rizvi ) ནི་ཉེ་བའི་ཆར་ཧིན་ལྡི་ཆོས་ལུགས་ལ་བསྒྱུར་པ་དང་། ཁོང་གིས་ཁ་ཆེའི་དཀོན་མཆོག་མོ་ཧ་མོ་དི་ (Muhammad)སྐོར་གྱི་དེབ་ཞིག་བརྩམས་ཡོད་པ་རེད། ཁ་ཆེའི་ཆོས་པ་ཨོ་མ་ཧསི་ནེ(Qamar Hasnain)ཟེར་བ་ཞིག་གིས་དེབ་དེའི་ནང་ཁ་ཆེའི་ཆོས་ལུགས་ལ་ཟུར་ཟ་དང་དམའ་འབེབས།

Page 6 of 19« First...45678...Last »